འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་4ཉིན།

༄༅།།2025ལོའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཁྱབ་གདལ་གཏོང་བའི་རིམ་སྤེལ་བྱེད་སྒོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་04ཉིན། 10:13】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། པེ་ཅིང་དུ་བཅའ་སྡོད་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡིས་གཙོ་གཉེར་བྱས་པའི“ས་མཐོའི་སྤུས་ལེགས་ཐོན་རྫས་ལ་ལྟ། མཛེས་པའི་མཚོ་སྔོན་དུ་ཡུལ་སྐོར་བྱེད”ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འོས་སྦྱོར་ཚོགས་འདུ་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་འཚོགས་ཤིང་། 2025ལོའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་པེ་ཅིང་དུ་ཁྱབ་གདལ་གཏོང་བའི་རིམ་སྤེལ་བྱེད་སྒོ་འགོ་ཚུགས་ཀྱི་བརྩམས་ཆོས་ཡིན་པའི་ངོས་ནས་བྱེད་སྒོ་དེས“ཏང་འཛུགས་སྐྱོང་དང་ཐོན་ལས་ཟུང་འབྲེལ”གྱི་གསར་གཏོད་བྱེད་སྟངས་ལ་བརྟེན་ནས། མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཁ་100ལྷག་ཙམ་འགྲེམས་ཚོང་བྱེད་པ་དང་ས་མཐོའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མི་ཐེངས་སྟོང་ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།

    ད་ཐེངས་ཀྱི་བྱེད་སྒོར་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཀྲོའུ་8ཀྱི་ཁེ་ལས་10ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་འགྲེམས་དངོས་ཕུན་སུམ་ཚོགས་པོ་ཡོད་པ་དེའི་ནང་མགོ་ལོག་གི་དབྱར་རྩྭ་དགུན་འབུ་དང་ཚགས་ཤ་སྐམ་པོ་དང་། མཚོ་ལྷོའི་པད་ཁའི་སྣུམ། མཚོ་ནུབ་ཀྱི་འདྲེ་ཚེར་མ། མཚོ་ཤར་གྱི་སེ་རྒྱུ་ཕུན་སུམ་ཚོགས་པའི་ཞིང་ལས་ཐོན་རྫས་སོགས་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་མང་པོ་ཚུད་ཡོད་པ་རེད།

    ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ཞིབ་ཚགས་ངང་བདམས་པའི་མཚོ་ཤར་གྱི་སེ་རྒྱུ་ཕུན་སུམ་ཚོགས་པའི་ཞིང་ལས་ཐོན་རྫས་དང་མགོ་ལོག་གི་ལུག་ཤ་སོགས་ཀྱི་ཐོན་རྫས་ལས་མཚོ་སྔོན་གྱི་མི་རིགས་མང་པོའི་བཟའ་བཏུང་རིག་གནས་འཆམ་མཐུན་མཉམ་འདྲེས་བྱུང་བ་མངོན་པ་མ་ཟད། “འཛམ་གླིང་ཡང་རྩེའི”གྲང་ངར་ཆེ་བའི་གནམ་གཤིས་འོག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་དེ་བས་མངོན་ཡོད།