འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་2ཉིན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།

༄༅།།《ཏང་ཀྲུང་དབྱང་གི་ཐབས་ཇུས་མཉམ་གྲོས་དང་མཐུན་སྦྱོར་སྒྲིག་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་02ཉིན། 09:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཏང་ཀྲུང་དབྱང་གི་ཐབས་ཇུས་མཉམ་གྲོས་དང་མཐུན་སྦྱོར་སྒྲིག་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་མཉམ་གྲོས་དང་མཐུན་སྦྱོར་སྒྲིག་གཞི་འཛུགས་པ་ནི་ཏང་ཀྲུང་དབྱང་གིས་ལས་དོན་གལ་ཆེན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་དང་ལས་འགན་གལ་ཆེན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་འཐུས་སྒོ་ཚང་དུ་བཏང་བ་ཞིག་རེད། 《ཏང་ཀྲུང་དབྱང་གི་ཐབས་ཇུས་མཉམ་གྲོས་དང་མཐུན་སྦྱོར་སྒྲིག་གཞིའི་ལས་དོན་སྲོལ་ཡིག》བཏོན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་མཉམ་གྲོས་དང་མཐུན་སྦྱོར་སྒྲིག་གཞི་འཛུགས་པ་དང་། འགན་འཁྲི། འཁོར་སྐྱོད་བཅས་སྔར་བས་ཚད་ལྡན་དུ་བཏང་བས། ལས་དོན་གལ་ཆེན་གྱི་རྩེ་རིམ་ཇུས་འགོད་དང་། སྤྱི་འདོམས་མཐུན་སྦྱོར། ཕྱོགས་ཡོངས་ནས་སྐུལ་འདེད། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་ནུས་ཡག་པོ་འདོན་པར་དོན་སྙིང་གལ་ཆེན་ལྡན་ཡོད།

     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་མཉམ་གྲོས་དང་མཐུན་སྦྱོར་སྒྲིག་གཞིས་འགན་འཁྲིའི་ངེས་གནས་གནད་འཁེལ་ངང་ཁོང་དུ་ཆུད་པར་བྱེད་པ་དང་དོན་ཆེན་ཇུས་འགོད་དང་། གྲོས་བསྡུར། དམ་འཛིན་བཅས་མཐའ་འཁྱོངས་ཀྱིས་ལས་དོན་གལ་ཆེན་ལག་བསྟར་ཐད་དེ་བས་ནུས་ལྡན་གྱི་གཅིག་འདོམས་མཐུན་སྦྱོར་བྱས་ཏེ། སྤྱི་འདོམས་བྱེད་པ་ལས་ཚབ་མི་བྱེད་པ་དང་ཚད་ལ་སླེབས་པ་ལས་དེ་ལས་མི་བརྒལ་བ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཐབས་ཇུས་མཉམ་གྲོས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་དོན་དངོས་དང་མཐུན་པ་དང་སྤྱོད་གོ་ཆོད་པའི་སྲིད་ཇུས་དང་བྱེད་ཐབས་འདོན་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ཏེ་ལས་ཀར་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།