འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་1ཉིན།

༄༅།།ཀྲུང་གོས་ཐེ་རོན་ཕུའུ་བྱེད་སྒོ་འདིར་གདན་འདྲེན་ཞུ་རྒྱུ་ཡིན་མིན་གྱི་ཕྱི་འབྲེལ་པུའི་ལན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་01ཉིན། 13:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་6ཚེས་30ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    གསར་འགོད་པ་ཞིག་གིས། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཞིག་ཏུ་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཟླ་9ཚེས་3ཉིན་གྱི་ཀྲུང་གོའི་དམག་གཟིགས་ཏེ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་དྲན་གསོའི་བྱེད་སྒོར་གདན་འདྲེན་ཞུ་རྩིས་ཡོད་པ་གོ་ཐོས་བས། ཀྲུང་གོ་ཕྱོགས་ཀྱིས་ར་སྤྲོད་ཐུབ་བམ་ཟེར།

     མའོ་ཉིང་གིས། གཟའ་འཁོར་གོང་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཕྱི་རྒྱལ་གྱི་འགོ་ཁྲིད་གདན་འདྲེན་ཞུ་རྒྱུའི་གནས་ཚུལ་དང་བཀོད་སྒྲིག་ངོ་སྤྲོད་གནང་བ་རེད། ཁྱེད་ཀྱི་དྲི་བ་ཞིབ་ཕྲར། ལན་འདེབ་པའི་ཆ་འཕྲིན་ཞིབ་ཕྲ་ད་ལམ་ཁོ་བོར་མེད་ཅེས་བརྗོད།