འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་28ཉིན།

༄༅།།ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་66གིས་རེས་སྐོར་གསར་པའི་གཏེར་འཚོལ་བྱ་སྤྱོད་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་28ཉིན། 13:37】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་བྱུང་ཐོན་ཁུངས་པུའུ་གཞུང་དོན་ཐིང་གིས《རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ཀྱི་སྔོན་ཐོན་ཉེར་སྤྱོད་རྩད་ཞིབ་ལག་རྩལ་ཁྱབ་གདལ་གསལ་ཐོ(ཁག་དང་པོ)》བཀྲམ་ནས་ཁྱབ་གདལ་གསལ་ཐོ་ཁག་དང་པོ་དང་དེའི་བཀོལ་སྤྱོད་བྱ་ཐབས་གཏན་འཁེལ་བྱས་ཤིང་། དེའི་དམིགས་ཡུལ་ནི་ཚན་རྩལ་གསར་གཏོད་ཀྱིས་གཏེར་ཐོན་ཐོན་ཁུངས་རྩད་ཞིབ་ལས་དོན་ཐད་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། ལྗང་མདོག་སྔོན་ཐོན་རྩད་ཞིབ་ལག་རྩལ་རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ཁྲོད་རྒྱ་ཁྱབ་ངང་སྤྱོད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

     ཁྱབ་གདལ་གསལ་ཐོའི་ནང་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་66གི་ལག་རྩལ་ནང་དོན་དང་། ལག་རྩལ་ཁྱད་ཆོས། ཉེར་སྤྱོད་མ་དཔེ་བཅས་བཀོད་ཡོད། ལག་རྩལ་ཁག་ཁྱབ་གདལ་གཏོང་བར་རིན་མེད་ཀྱི་ལག་རྩལ་གསོ་སྦྱོང་དང་ལས་སྒོའི་མཛུབ་ཁྲིད་ཆ་ལག་ཚང་བ་ཡོད་པས། སྤྱོད་མཁན་ཚན་པ་ཁག་གིས་འབྲེལ་ཡོད་ལག་རྩལ་གསོ་སྦྱོང་གི་འབྲེལ་གཏུག་མི་སྣ་དང་འབྲེལ་བ་བྱས་ཏེ་གསོ་སྦྱོང་ནང་ཧུར་ཐག་ཞུགས་ནས་ལག་རྩལ་ཉེར་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།