གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་27ཉིན། 13:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་བོད་ལུགས་ཀྱི་ཤིང་བརྐོས་ལ་མིང་ཁྱད་མཚར་ཞིག་ཡོད་པ་དེ་ནི་ཤིག་བརྐོས་རེད། བཤད་ཚུལ་ལྟར་ན། ལོ་ངོ་300ལྷག་ཙམ་གྱི་གོང་ལ། ཤིང་བརྐོས་སྒྱུ་རྩལ་པས་འབྲུ་རྡོག་གཅིག་གི་ཐོག་ཏུ་ཤིག་བརྐོས་ཏེ་ཤིག་ངོ་མའི་ཚུལ་དུ་སྣང་བས། མིང་ལ་“ཤིག་བརྐོས་”ཞེས་བཏགས་པར་གྲགས།
ཤིག་བརྐོས་ནི་ཧ་ཅང་ཞིབ་ཚགས་ཆེ་བའི་ལག་ཤེས་བཟོ་རྩལ་ཞིག་ཡིན། རྒྱུ་ཆ་འདེམས་པ་དང་། རི་མོ་འཆར་འགོད། རི་མོ་འབྲི་བ། འོད་འདོན་པ། ཚོན་བྱུག་པ་སོགས་འབྲི་རིམ་རེ་རེ་བཞིན་དང་། བརྐོས་རིམ་རེ་རེ་བཞིན་ལ་ནོར་འཁྲུལ་ཅུང་ཙམ་ཡང་མི་ཤོར་བར་བྱེད་དགོས།
པདྨ་དགྲ་འདུལ་གྱིས་མི་ཚེ་ཕྱེད་ཀའི་རིང་ཤིང་བརྐོས་གནང་བ་རེད། 1981ལོར་ལོ་12ལ་སླེབས་པའི་པདྨ་དགྲ་འདུལ་གྱིས་ཕུ་བོ་དང་མཉམ་དུ་ཤིང་བརྐོས་ཀྱི་ལག་རྩལ་སློབ་སྦྱོང་བྱས་ཏེ་གྲ་ནང་གི་ཤིང་བརྐོས་རྒྱུད་འཛིན་པ་མི་རབས་དྲུག་པ་གྱུར་པ་དང་། དུས་མཚུངས་སུ་རྒྱལ་ཁབ་རིམ་པའི་ཤུག་བཞག་མིན་པའི་གྲ་ནང་ཤིང་བརྐོས་བོད་པའི་རྒྱུད་འཛིན་མཁན་ཞིག་ཀྱང་ཡིན།
2015ལོར། པདྨ་དགྲ་འདུལ་གྱིས་རྫོང་སྲིད་གཞུང་དང་དེ་བཞིན་རྫོང་ལས་རིགས་སློབ་གསོའི་ལྟེ་གནས་དང་མཉམ་ལས་བྱས་ཏེ་“ཁེ་ལས་+སློབ་གྲྭ་+རྟེན་གཞིའི་”རྣམ་པ་གཞིར་བཟུང་སྟེ། “སློབ་གྲྭ་དང་ཁེ་ལས་ཕན་ཚུན་རོགས་རམ་དང་། ཕན་ཚུན་སྐུལ་འདེད། གཉིས་ཕན་ཁེ་མང་”གི་རྩ་དོན་གཞིར་བཟུང་། ཤིག་བརྐོས་བཟོ་རྩལ་གླིང་བཙུགས་པ་དང་འབྲེལ་2016ལོར་སྤྱོད་འགོ་ཚུགས་ཡོད། 2020ལོར། ཁོང་བོད་རང་སྐྱོང་ལྗོངས་རིམ་པའི་ལག་ཤེས་ཤིང་བརྐོས་ལས་ཤིག་བརྐོས་ལག་རྩལ་རྒྱུན་འཛིན་པར་བདམས་པ་རེད། 2021ལོའི་ཟླ་5པར། གྲ་ནང་ཤིང་བརྐོས་(ཤིག་བརྐོས་ལག་རྩལ་)རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་བཅུག་པ་རེད།