འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་27ཉིན།

༄༅།།ཨ་རིས་ཞི་བདེ་རྒྱ་མཚོར་འཆར་གཞི་འདི་ལག་བསྟར་བྱ་རྒྱུ་ཟེར་བའི་ཐད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་27ཉིན། 13:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་6ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཀྲང་ཞའོ་ཀང་གིས་གསར་འགོད་པའི་དྲི་བར་ལན་བཏབ།

     གསར་འགོད་པ། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གིས་རྒྱལ་ཚོགས་ཀྱི་དཔང་ཉན་ཚོགས་འདུའི་ཐོག ཀྲུང་གོ་ནི་“འཇིགས་སྐུལ་བཙན་པོ་”དེ་ཡིན་པ་དང་། ཨ་རི་ཕྱོགས་ཀྱིས་སྔོན་ལ་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་འཇིགས་སྐུལ་ནུས་པ་ཆེ་རུ་གཏོང་བ་དང་། “སྟོབས་ཤུགས་དངོས་ལ་བརྟེན་ནས་ཞི་བདེ་བརྩོན་ལེན་བྱེད་ཀྱི་ཡོད་”ཅེས་བཤད་པ་རེད། ཨ་རིའི“ཆེ་ལ་མཛེས་པའི”ཁྲིམས་གཞིའི་ནང་ཨ་སྒོར་དུང་ཕྱུར་120བཏང་ནས། “ཞི་བདེ་རྒྱ་མཚོ་ཆེན་པོའི་འཇིགས་སྐུལ་འཆར་གཞིའི”ཐོག་སྤྱོད་རྒྱུ་ཁ་གསལ་བཟོས་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔུང་སྡེའི་དམག་གྲ་སྒྲིག་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཐའེ་ཝན་གྱི་འགོག་སྲུང་ནུས་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། མགྲིན་ཚབ་པས་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད།

     ཀྲང་ཞའོ་ཀང་གིས་རྒྱལ་ཁབ་ཆེན་པོའི་མཉམ་གནས་ཀྱི་ཐབས་ལམ་ནི་བསྡོམས་སྟོང་འཐབ་འགྲན་བྱེད་མི་རུང་བར། ཞི་བདེ་མཉམ་གནས་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་སྲུང་འཛིན་བྱེད་དགོས་པའི་གཞི་ཐིག་ཡིན། ཀྲུང་གོའི་འཕེལ་རྒྱས་དེ་རྒྱལ་ཁབ་གང་ཞིག་གི་འཇིགས་སྐུལ་ལའང་མི་འགྱུར་ལ། རྒྱལ་ཁབ་ཁ་ཤས་ལྟར་འཇིགས་སྐུལ་དང་བཙན་ཤེད་བྱེད་ཐབས་ཀྱང་གཏན་ནས་བྱེད་མི་སྲིད། ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་ཡིན།

ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས། ཕྱི་ནས་ཐེ་གཏོགས་གང་ཡང་བྱེད་མི་ཆོག ཨ་རི་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་ཡིད་ཆེས་དང་རྒྱབ་འགལ་བྱས་ནས་ཐའེ་ཝན་ལ་དྲག་ཆས་སྤྲས་པ་ཡིན་ན། མཐར་རང་སྡུག་རང་གིས་ཉོ་རྒྱུ་ཡིན། ང་ཚོས་ཨ་རི་ཕྱོགས་ཀྱིས་ཕྱི་རོལ་ཡུལ་དང་རྗེས་དཔག་གི་ཐོག་ནས་ཀྲུང་གོར་ངོས་འཛིན་བྱེད་པ་དང་། རྟག་ཏུ་ཀྲུང་གོར་ཟེར་ནས་ཨ་རིའི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་མི་གཏོང་བར། རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན།