འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་27ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་གྱིས་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་27ཉིན། 13:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་26ཉིན་གྱི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》ལ་མིང་རྟགས་བཀོད་ནས་ལོ་80འཁོར་བའི་དྲན་གསོའི་ཚོགས་འདུའི་ཐོག་གསུང་བཤད་གནང་། རྒྱལ་ཁབ་ཁག་གཅིག་གིས《རྩ་འཛིན་》དང་མཐུན་ཚེ་སྤྱོད་པ་དང་མི་མཐུན་ཚེ་འདོར་བའི་བྱེད་སྟངས་ལ་སྐྱོན་བརྗོད་བྱས།

    ཀུའུ་ཐེ་ལེ་སིས《རྩ་འཛིན་》ནི་རྒྱལ་སྤྱིའི་འབྲེལ་བའི་རྨང་རྡོ་ཞིག་ཡིན་པ་ལས་རང་གིས་བདམས་ཆོག་པའི་ཚལ་ཐོ་ཞིག་གཏན་ནས་མིན་ཞེས་ནན་བཤད་བྱས།