འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་27ཉིན།

༄༅།།ཆེས་མཐོའི་ཞིབ་དཔྱོད་ཁང་གིས་འདི་ཚོ་འཛིན་རྒྱུའི་ཐག་བཅད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་27ཉིན། 13:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཉིང་ཞ་ཞིབ་དཔྱོད་ལས་ཁུངས་ཀྱིས་ལི་ཧུང་རུའུ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

    ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་གྱི་ཐིང་ཀྲང་རིམ་པའི་ལས་བྱེད་པ་ཟུར་པ་ལི་ཧུང་རུའུ་ལ་ལྐོག་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་མངའ་ཁོངས་གཏན་འཁེལ་བྱས་པ་བརྒྱུད། ཀྲུང་ཝེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བྱས། ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་། ཀྲུང་ཝེའི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལི་ཧུང་རུའུ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།

ཧྲན་ཞི་ཞིབ་དཔྱོད་ལས་ཁུངས་ཀྱིས་མ་ཞན་མིང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

    ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཟུར་པ་མ་ཞན་མིང་(ཐིང་རིམ་གཞོན་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་གཏན་འཁེལ་བྱས་པ་བརྒྱུད། ཅིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བྱས། ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་དོགས་པ་ཡོད་པའི་ཐོག་ནས། ཉིན་ཤས་གོང་ཅིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མ་ཞན་མིང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།

ཀྲེ་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞུས་ཀོང་ཝུན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

    ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ཟུར་པ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཟུར་པ་ཞུས་ཀོང་ཝུན་(ཐིང་རིམ་གཞོན་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཀྲེ་ཅང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་གཏན་འཁེལ་བྱས་པ་བརྒྱུད། ཅིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བྱས། ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་ཅིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མ་ཞན་མིང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།

མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲེན་ལེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།

     ཚོང་འགུག་དངུལ་ཁང་ཁྲུང་ཆིང་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། དངུལ་ཁང་གི་འགོ་འཛིན་ཟུར་པ་ཁྲེན་ལེ་ལ་ལྐོག་རྔན་བླངས་པའི་ཉེས་པ་དང་ལྐོག་རྔན་སྤྲད་པའི་ཉེས་བསགས་ཀྱི་དོགས་གཞི་ཡོད་པའི་གྱོད་གཞི་དེ་མཚོ་སྔོན་ཞིང་ཆེན་ཧའེ་ཏུང་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་གཏན་འཁེལ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ཧའེ་ཏུང་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བྱས། ལྐོག་རྔན་བླངས་པའི་ཉེས་པ་དང་ལྐོག་རྔན་སྤྲད་པའི་ཉེས་བསགས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་ཧའེ་ཏུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེན་ལེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།