འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་27ཉིན།

༄༅།།《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》དབྱི་ཐ་ལིའི་གཙོ་རྒྱུན་སྨྱན་སྦྱོར་ཐོག་བསྟན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་27ཉིན། 13:37】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རོ་མ་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་དབྱི་ཐ་ལིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་མཚམས་སུ། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》སྟོན་འགོ་ཚུགས་པའི་བྱེད་སྒོ་ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་25ཉིན་རོ་མར་འཚོགས་པ་རེད། ཚེས་25ཉིན་ནས་བཟུང་། ལེ་ཚན་དེ་དབྱི་ཐ་ལིའི་ཨར་མ་བརྙན་འཕྲིན་ལས་ཁུངས་དང་། ཏུའོ་ན་བརྙན་འཕྲིན་ལས་ཁུངས། ཡུལ་སྐོར་བརྙན་འཕྲིན་ལས་ཁུངས། ལ་ཆི་ཨའོ་བརྙན་འཕྲིན་ལས་ཁུངས། ལུན་པ་ཏི་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས། རོ་མའི་ཁོ་ལོ་ན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། སྨི་ལན་གྱི་ཕ་ཝེ་ཡ་བརྙན་འཕྲིན་ལས་ཁུངས། དབྱི་ཐ་ལིའི《སྨི་ལན་ནོར་སྲིད་ཚགས་པར》གྱི་དྲ་ཚིགས་སོགས་དབྱི་ཐ་ལིའི་གཙོ་རྒྱུན་སྨྱན་སྦྱོར་30ལྷག་ཙམ་ཐོག་བསྟུད་མར་བསྟན་རྒྱུ་རེད།

     《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཡི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐུགས་ལ་བཅངས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བདམས་ཏེ། ཁོང་གིས“རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། རིག་གནས་སྟོབས་ཆེན་བྱུང་ན་མི་རིགས་སྟོབས་ཆེར་འགྲོ་བའི”བསམ་གཞིག་གཏིང་ཟབ་དང་། རིག་གནས་ཤུལ་བཞག་ལ་གཅེས་སྤྲས། ལོ་རྒྱུས་རིག་གནས་རྒྱུན་མཐུད་བྱེད་པའི་བརྩེ་སེམས་ཟབ་མོ་བཅས་མཚོན་པ་དང་། རྒྱལ་སྤྱིའི་ལྟད་མོ་བར་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཉིང་བཅུད་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་ཀྱི་གཏིང་ཟབ་པའི་རིག་གནས་རྨང་གཞི་གསལ་འགྲེལ་བྱས་ཡོད། ལེ་ཚན་དེའི་ནང་ཧོ་པེ་ཀྲེང་ཏིང་དང་། ཧྥུའུ་ཅན་ཞ་མོན། ཀྲེ་ཅང་ཧང་ཀྲོའུ། ཀན་སུའུ་ཏུན་ཧོང་སོགས་ཞི་ཅིན་ཕིང་གིས་ཕྱག་ལས་སམ་རྟོག་ཞིབ་གནང་མྱོང་བའི་ས་ཆར་བསྐྱོད་ནས་པར་བརྙན་དཔྱད་གཞི་དང་བཅར་འདྲི་གཏིང་ཟབ་སོགས་བརྗོད་སྟངས་སྣ་མང་བརྒྱུད། དུས་རབས་གསར་པའི་ཀྲུང་གོའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཐད་ཀྱི་ལག་ལེན་དང་འབད་བརྩོན་བྱས་ལུགས་ཕྱོགས་བསྡུས་ངང་མཚོན་ནས་ཀྲུང་ཧྭའི་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་དང་། རྒྱ་ཆེ་གཏིང་ཟབ། མཉམ་བསྡུ་མཉམ་གསོག་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།