གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་27ཉིན། 13:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། 2025ལོའི“ཀྲུང་གོའི་མི་བཟང་གི་མིང་ཐོ”ཐེངས་དང་པོ་ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་ས་ཡུལ་དངོས་སུ་སྤེལ་རེས་ཀྱི་བྱེད་སྒོ་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཧུང་ཆི་ཆུས་དྲན་གསོ་ཁང་དུ་སྤེལ་བ་རེད། ས་གནས་ཁག་གི་འོས་སྦྱོར་དང་། དྲ་གྲོགས་ཀྱི་དཔྱད་གླེང་། རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་སོགས་ཀྱི་ལྷུ་ཚིགས་བརྒྱུད་གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། གཞུང་དྲང་དང་ཁ་དན་ཚིག་གནས། ལས་བཀུར་སྐྱེས་འབུལ། རྒན་བཀུར་གཉེན་གཅེས་བཅས་བྱེད་མཁན་ཉེ་འགྲམ་གྱི་མི་བཟང་ཁྱོན་152(ཚོགས་ཆུང)མིང་ཐོའི་ནང་ཚུད་ཡོད་པ་རེད།
མིང་ཐོའི་ནང་ཚུད་པའི་མི་བཟང་དེ་དག་གི་གྲས་སུ་དབུལ་སྐྱོར་ཉེན་སྐྱོབ་དང་སྤྱི་ཕན་གྱི་ལས་གནས་བརྟན་པོར་བསྲུངས་ནས་ལོ་ཉི་ཤུ་ཙམ་སོང་བའི་བྱམས་སེམས་ཅན་གྱི་ཁ་ལོ་བ་ཀོན་ལི་ཕིང་དང་། ལམ་བར་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་མོ་ཊར་མེ་འབར་བ་མཐོང་སྐབས་ཐེ་་ཚོམ་སྤུ་ཙམ་མེད་པར་མི་གཉིས་ཀྱི་སྲོག་སྐྱོབ་མཁན་ཕོ་རྒོད་ཁྲེན་ཁྲའོ། བརྩེ་བ་ཕ་ཡུལ་ལ་བཅངས་ནས་དམ་བཅའ་ལག་ལེན་བསྟར་བ་དང་ངང་རྒྱུད་རིང་པོས་བྱིས་པ་སྐྱོང་བར་གཞོལ་མཁན་བུད་མེད་དགེ་རྒན་ཏུང་ཡན། གེགས་སེལ་གྱི་འཐབ་ས་དང་པོར་ཤོར་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འདས་གྲོངས་སུ་ཤོར་མཁན་གྱི་སེམས་པ་ཕངས་སུ་མི་འཇུག་མཁན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས། ལོ་ཉི་ཤུ་ལྷག་ཙམ་རིང་རྒན་རྒོན་ལ་སྲི་ཞུ་བསྒྲུབས་པ་དང་ཕྲུ་གུར་ལྟ་རྟོག་བྱེད་མཁན“མནའ་མ་བཟང་པོ”ཡོན་ཧོའེ་ཡུས་སོགས་ཡོད། ཁོང་ཚོ་ནི་ཉེ་འགྲམ་གྱི་མི་བཟང་ཁྲི་སྟོང་མང་པོའི་འཐུས་མི་དང་། མི་སྣ་དཀྱུས་མའི་ཁྲོད་ཀྱི་སྤྱིར་བཏང་མིན་པའི་མི་ཤ་སྟག་ཡིན་ཞིང་། ཁོང་ཚོས་དུས་རབས་གསར་པའི་ཀྲུང་ཧྭའི་བུ་ཕྲུག་གི་བློ་བརྟན་འགྱུར་མེད་ཀྱི་འགན་འཁྲི་འཁུར་སེམས་དང་འབད་འབུངས་ཆེར་སྐྱེད་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ“ཀྲུང་གོའི་མི་བཟང”གི་འཐུས་མིས་ཁོང་ཚོའི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་སྤེལ་རེས་མཉམ་འགུལ་ཡང་བྱས་པ་རེད། “ཀྲུང་གོའི་མི་བཟང”ཚོས་བརྟན་སྲུང་དང་། འགན་འཁྲི། དཔའ་ངར། གཅེས་སེམས་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་གསལ་འགྲེལ་བྱས་ཏེ་སྤྱི་ཚོགས་ཡོངས་ལ་མིག་དཔེ་བསྟན་ཡོད།
ད་ཐེངས་ཀྱི་ཡོངས་བསྒྲགས་བྱེད་སྒོ་དེ་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ཤེས་དཔལ་སྲོལ་གཏོད་དྲ་བ་དང་། གློག་བརྙན་འཕྲིན་ལམ་ལེ་ཚན་ལྟེ་གནས། ཀྲུང་གུང་ཧོ་ནན་ཞིང་ཨུད་དྲིལ་བསྒྲགས་པུའུ(ཧོ་ནན་ཞིང་ཆེན་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང)བཅས་ཀྱིས་གཉེར་འགན་ཁུར་བ། ཀྲུང་གུང་ཨན་དབྱང་གྲོང་ཨུད་དྲིལ་བསྒྲགས་པུའུ(ཨན་དབྱང་གྲོང་ཁྱེར་བསམ་པའི་དཔལ་ཡོན་གཞུང་དོན་ཁང)གིས་གཉེར་རོགས་བྱས་པ་ཞིག་རེད།