གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་27ཉིན། 13:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་ནས་ཟླ་6ཚེས་22ཉིན་བར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་དང་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“གངས་ལྗོངས་ས་མཐོའི་ཀོང་ཏུང་དང་བོད་ལྗོངས་ཀྱི་བརྩེ་སེམས”ཞེས་པའི་ལས་ཞུགས་བོད་སྐྱོར་གྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་གཉེར་བ་རེད།
སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། ཀོང་པོ་རྒྱ་མདའ་རྫོང་། སྤོ་བོ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་སོགས་སུ་བསྐྱོད་ནས་སྐོར་སྐྱོད་སྒྲོག་འགྲེལ་རབ་དང་རིམ་པ་བྱས་པར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་2000ལྷག་ཙམ་ཞུགས་པ་རེད། བྱེད་སྒོ་སྤེལ་རིང་ལས་རིགས་མཛུབ་ཁྲིད་དགེ་རྒན་གྱིས་རྒྱལ་ཡོངས་ཀྱི་ལས་ཞུགས་དུས་བབ་དང་ཟུང་འབྲེལ་བྱས་ཏེ་ལྗོངས་ཕྱིའི་ལས་ཞུགས་སྲིད་ཇུས་གསལ་འགྲེལ་གཏིང་ཟབ་བྱས་ནས་གཞོན་ནུ་རྣམས་ལས་ཞུགས་བྱེད་སྐབས་ཀྱི་དོགས་གནད་བསལ་ནས་ཚན་རིག་དང་མཐུན་པའི་ལས་འདེམས་ལྟ་བ་འཛུགས་རོགས་བྱས་པ་རེད།
བྱེད་སྒོའི་ཁྲོད་ཀོང་ཏུང་དུ་ལས་ཞུགས་ཐུབ་པའི་ཉིང་ཁྲིའི་འཐུས་མི་5ཡིས་བརྙན་ཐུང་དང་PPTབརྒྱུད་གངས་ལྗོངས་ས་མཐོ་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་འབད་འཐབ་བྱེད་པར་ཡོང་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་དང་། གཞན་ཡུལ་གྱི་འཚོ་བར་མཐུན་ཐབས་དང་ལས་རིགས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བའི་ཉམས་མྱོང་དངོས་སུ་གླེང་སྟེ། གཞོན་ནུ་ཚོར་དོགས་གཞི་སེལ་རོགས་བྱས་པ་རེད།
ལས་ཞུགས་ཞབས་ཞུའི“མཐའ་མའི་འགག་གནད”སེལ་ཆེད། བྱེད་སྒོའི་ནང“མཐེབ་གཅིག་ལས་འཚོལ”གྱི་བགྲོད་ལམ་དམིགས་སུ་བཙུགས་ཏེ་ཀོང་ཏུང་གི་སྤུས་ལེགས་ལས་གནས་དྲིལ་བསྒྲགས་ཀྱི་ཤོག་བྱང་བཟོས་པ་དང་། ཨང་རྟགས་བཤེར་ན་ཁེ་ལས་ཀྱི་ལས་བསྡུའི་དྲ་ངོས་སུ་ཐད་ཀར་འཛུལ་ཆོག་པས། ལོ་རྒྱུས་མདོར་བསྡུས་གནད་འཁེལ་ངང་བསྐུར་ཐུབ་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྟབས་བདེའི་བགྲོད་ལམ་མཁོ་འདོན་བྱས་པ་དང་ཆབས་ཅིག ཀོང་ཏུང་ཁེ་ལས་ལ་སྤུས་ལེགས་ཀྱི་ཤེས་ལྡན་པའི་ཐོན་ཁུངས་ཀྱང་མཁོ་འདོན་བྱས་ཡོད་པ་རེད།