གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་26ཉིན། 15:47】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་6ཚེས་24ཉིན། ཚོགས་ཞུགས་མི་སྣ་ཞིག་གིས་ནེ་པ་ལའི་ཀ་ཏ་མན་རྡུར་གཉེར་བའི་སྤེལ་རེས་ཚོགས་འདུའི་ཐོག་དྲི་བ་བཏོན་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་པ་རིགས་གཅིག་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཚེས་24ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་གཉེར་བའི་སྤེལ་རེས་ ཚོགས་འདུའི་ཐོག་དུས་རབས་གསར་པའི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།