གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་26ཉིན། 15:45】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་དུས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་ཐག་གཅོད་གང་ཐུབ་བྱེད་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས་ནས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་བུ་བཙའི་འགན་བཅོལ་གྱི་བུ་བཙའི་ཁ་གསབ་གོ་རིམ་ལྟར་འགན་བཅོལ་ནང་ཞུགས་མཁན་ལ་ཐད་ཀར་སྤྲོད་རྒྱུར་རྒྱབ་སྐྱོར་དང་། ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ས་གནས་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཁག་གི་ཕྲུ་གུ་སྐྱེ་བའི་ཕོགས་སྣོན་སྤྲོད་པའི་བརྒྱུད་རིམ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཕྲུ་གུ་སྐྱེ་བའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
ཟླ་6ཚེས་12ཉིན་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་13གྱི་སྤྱི་འདོམས་ཁུལ་གྱི་ཕྲུ་གུ་སྐྱེ་བའི་ཕོགས་སྣོན་ཚང་མ་མི་སྒེར་ལ་ཐད་ཀར་སྤྲོད་རྒྱུ་ཡིན་པ་རེད། དེ་དག་སོ་སོར་ཧྲན་ཞི་དང་། ནང་སོག ཧེ་ལུང་ཅང་། ཧྲང་ཧའེ། ཧྥུའུ་ཅན། ཧྲན་ཏུང་། ཧུའུ་པེ། ཧའེ་ནན། ཁྲུང་ཆིང་། ཀན་སུའུ། མཚོ་སྔོན། ཉིང་ཞ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཡིན་པ་རེད། གཞན་ཡང་། ཡུན་ནན་ཞིང་ཆེན་གྱིས་ཉེ་ཆར་དངོས་སུ་ཡིག་ཆ་བཀྲམ་ནས་ཟླ་7པའི་ཟླ་མཇུག་གོང་ཞིང་ཆེན་དེ་ཡོངས་སུ་ཕྲུ་གུ་སྐྱེ་བའི་ཕོགས་སྣོན་མི་སྒེར་ལ་ཐད་ཀར་སྤྲོད་རྒྱུ་ཡིན་པ་རེད། རྒྱལ་ཡོངས་ཀྱི་སྤྱི་འདོམས་ཁུལ་དུ་མི་སྒེར་ལ་ཐད་ཀར་སྤྲོད་ཐུབ་རྒྱུ་བཅུ་ཆ་དྲུག་ཙམ་ཟིན་ཡོད་པ་རེད།