གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་26ཉིན། 15:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དབྱར་ཁའི་དུས་ཚིགས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་བསང་ཆུ་རྩྭ་ཐང་དུ་མཛེས་སྡུག་གི་རྣམ་པས་ཁེངས་ཤིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་3000ཟིན་པའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྔོ་ལྗང་ངེར་ཆགས་ཤིང་། དེ་ནི་ལྗང་མདོག་གི་ས་གདན་ཆེན་པོ་ཞིག་གནམ་སའི་བར་བཀྲམ་པ་དང་མཚུངས། ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་དུ་རྒྱུ་ཞིང་། སྦྲ་གུར་ནམ་མཁའི་སྐར་མ་བཞིན་ཕུབ་པ་དང་། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་གི་ཡིད་གར་འོང་བའི་རི་མོ་ཞིག་གྲུབ་འདུག