འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་26ཉིན།

༄༅།། 2025ལོའི་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་ཚོང་ཟོག་དངོས་མང་སྟོན་ཚོགས་(ཀྲུང་གོར་)འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་26ཉིན། 15:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     

    མི་དམངས་དྲ་བའི་འཕྲིན། ཝུའུ་རུམ་ཆི་ནས་ཟླ་6ཚེས་25ཉིན། བརྗོད་དོན་གཙོ་བོ་ནི་“ཨ་ཤེ་ཡ་དང་ཡོ་རོབ་མཉམ་ལས། དར་གོས་ལམ་བུའི་དར་རྒྱས་མཉམ་སྤྱོད་”ཅེས་པའི་2025ལོའི་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་ཚོང་ཟོག་དངོས་མང་སྟོན་ཚོགས་དེ་ཚེས་26ཉིན་(ཀྲུང་གོའི་)(གཤམ་དུ་ཚོང་དོན་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ་)ཤིན་ཅང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་འཛུགས་རྒྱུ་ཡིན་ཞིང་། སྐབས་འདིའི་ཚོང་ཟོག་དངོས་མང་སྟོན་ཚོགས་ནི་སྨི་གྲུ་བཞི་མ་ཁྲི་14ཟིན་པའི་ཕྱི་ནང་དུ་བཀོད་སྒྲིག་བྱས་ཡོད་པ་དང་། “1+10+N”ཡི་འགྲེམས་ཁུལ་གསར་གཏོད་དུ་བཀོད་སྒྲིག་གསར་གཏོད་བྱས་ཡོད། ཨེ་ཙེ་ཨོ་ཕི་ཡ་དང་ཙན་པི་ཡ་སོགས་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་འགྲེམས་ཚོགས་སུ་ཐོག་མར་ཞུགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་27ཀྱི་རྒྱལ་ཁབ་དང་(ས་ཁུལ་)ཀྱི་ཚོང་ཟོག་ཁང་ཞིབ་ཚགས་ངང་བཀོད་སྒྲིག་བྱས་ཡོད།

    ཤིན་ཅང་གི་“ཐོན་ལས་ཚོགས་པ་ཆེན་པོ་བཅུ་”ལ་དམིགས་ནས་ཐོན་ལས་ཚོགས་པ་ཚང་མར་ཆེད་དོན་ཁང་རེ་བཙུགས་པ་དང་ཆབས་ཅིག་གཞི་གྲངས་དཔལ་འབྱོར་དང་། བར་སྣང་དཔལ་འབྱོར། རིག་ནུས་བཅོས་མ་སོགས་གསར་དར་ཐོན་ལས་ནང་འདྲེན་ཧུར་ཐག་བྱས་ཏེ་མི་མེད་གནམ་གྲུ་དང་། འདྲ་བཟོས་འཕྲུལ་མི། བསམ་འཕྲུལ་འབྲེལ་མཐུད་སོགས་པའི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་འགྲེམས་སྟོན་བྱས་ནས། ཤིན་ཅང་གི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་ལ་ནུས་པ་གསར་པ་འདོན་རྒྱུ་ཡིན་པ་རེད།

    རྒྱལ་སྤྱི་ཅན་གྱི་ཆུ་ཚད་དང་འགྲེམས་ཚོགས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད་པ་རེད། རྒྱལ་ཁབ་དང་ས་ཁུལ་50དང་དེ་བཞིན་རྒྱལ་ནང་གི་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཁེ་ལས་1800ལྷག་ཙམ་འགྲེམས་ཚོགས་སུ་ཞུགས་རྒྱུ་གཏན་འཁེལ་བྱུང་བ་དང་འགྲེམས་ཚོགས་སུ་ཞུགས་མཁན་ཁེ་ལས་1000ལྷག་ཙམ་ཟིན་ཡོད་པ་རེད།

    མངའ་ཁོངས་ཕྱི་ནང་གི་ཚོང་དོན་སྐུལ་སྤེལ་བྱེད་སྒོ་མང་པོ་སྤེལ་ནས། ཐོན་ལས་ཐོན་ཁུངས་གནད་སྨིན་སྦྲེལ་མཐུད་དང་། དཔལ་འབྱོར་ཚོང་དོན་སྤེལ་རེས་དང་མཉམ་ལས་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་ཆེད། སྐབས་འདིའི་ཚོང་འདུས་ཐོག་ཚོང་དོན་སྐུལ་སྤེལ་བྱེད་སྒོ་60ལྷག་ཙམ་སྤེལ་རྒྱུ་ཡིན་པ་དེ་དག་ཐོན་ལས་སྦྲེལ་མཐུད་ངོ་འཕྲད་གྲོས་མོལ་དང་དེ་བཞིན་གྲུབ་འབྲས་ཡོངས་བསྒྲགས་དང་། ཚོང་འགུགས་དངུལ་འདྲེན་འོས་སྦྱོར་སོགས་དང་འབྲེལ་བ་ཡོད་པ་རེད།

    (ཀྲུང་གོ་)ཨ་ཤེ་ཡ་དང་ཡོ་རོབ་ཚོང་ཟོག་ཉོ་ཚོང་དངོས་མང་སྟོན་ཚོགས་ནི་ཀྲུང་གོའི་ཨ་ཡོའི་དངོས་མང་སྟོན་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྐབས་བཞི་པ་བར་ལེགས་གྲུབ་བྱུང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས། ཤིན་ཅང་གི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་རྒྱུར་ནུས་པ་གལ་ཆེན་འདོན་བཞིན་ཡོད།