གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་26ཉིན། 15:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་ལྔ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8096ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བ།
ཟླ་བ་དང་པོ་ནས་ལྔ་པ་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་39665ཟིན་པ་དེ་དུས་མཚུངས་ལས་3.4%འཕར་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་ལྔ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8096ཟིན་པ་དེ་དུས་མཚུངས་ལས་4.4%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་119ཟིན་པ་དེ་དུས་མཚུངས་ལས་8.4%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5414ཟིན་པ་དེ་དུས་མཚུངས་ལས་2.1%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1550ཟིན་པ་དེ་དུས་མཚུངས་ལས་9.4%འཕར་ཡོད།
ཟླ་བ་དང་པོ་ནས་ལྔ་པ་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་39665ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཡོད། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཁྲོད། འབྲོག་ལས་དང་ཞིང་ལས་ཀྱི་གློག་སྤྱོད་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ནས་དུས་མཚུངས་ལས་འཕར་ཚད་15.5%དང་7.2%སོ་སོར་ཟིན་པ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཁྲོད། རྩེར་སོན་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་ཀྱི་འཕར་ཚད་བལྟོས་བཅས་ཀྱིས་མདུན་གྲལ་དུ་སླེབས་པ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཁྲོད། གློག་གསོག་གློག་བརྗེའི་ཞབས་ཞུའི་ལས་རིགས་སོགས་ལས་རྣམ་གསར་པའི་གློག་སྤྱོད་ཚད་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་གློག་གསོག་གློག་བརྗེའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་45.1%འཕར་ཡོད།