གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་26ཉིན། 13:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་སྟེགས་བུས་སྣེ་ཁྲིད་པའི་མཉམ་འབྲེལ་ཚོད་ལྟའི་ཚོགས་པར་ཐའེ་ཧོ་ཙི་འཕྲིན་གཏོང་ཁྱབ་ཁོངས་ནས་ཚད་བརྒལ་གལ་ཆེན་བྱུང་ཡོད། དེ་ཐོག་ནས་ཐའེ་ཧོ་ཙི་འཕྲིན་གཏོང་ལག་རྩལ་ལ་ཞིབ་དཔྱད་ར་འཕྲོད་ཐོབ་པ་མཚོན་ཞིང་། རང་རྒྱལ་གྱི་ཤོང་ཚད་མཐོ་བའི་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་གཏོང་རྒྱུར་བསམ་ཕྱོགས་དང་ལག་ལེན་གྱི་དཔེ་མཚོན་གསར་པ་མཁོ་འདོན་བྱས་ཡོད་ལ་འབྲེལ་ཡོད་གྲུབ་འབྲས་ཀྱང་དྲ་ཐོག་གི《རྒྱལ་ཁབ་ཚན་རིག་དཔྱད་གཏམ》ཐོག་སྤེལ་ཡོད།
2024ལོའི་ཟླ་10པ་ནས་བཟུང་། ཙི་ཅིན་ཧྲན་གནམ་དཔྱད་སྟེགས་བུའི་ཚན་རིག་ཞིབ་འཇུག་ཚོགས་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་རི་ཐོག་འབྲོག་རའི་ཧའོ་སྨིའི་རླབས་རྒྱུན་གྱི་གནམ་དཔྱད་སྟེགས་བུའི་ཉེ་འཁོར(ས་བབ་སྨི་4445)དུ་ཚོད་ལྟ་བྱས་ཡོད།
གྲུབ་འབྲས་དེ་ནི་རྒྱལ་སྤྱིའི་ཐོག་ཐའེ་ཧོ་ཙི་གནམ་དཔྱད་རྒྱང་ཤེལ་མ་ལག་འདི་ཐའེ་ཧོ་ཙི་འཕྲིན་གཏོང་ཁྱབ་ཁོངས་སུ་སྤྱོད་ཐེངས་དང་པོ་ཡིན་ཞིང་། དེས་རི་ཐོག་འབྲོག་ར་ནས་ཐའེ་ཧོ་ཙི་གནམ་དཔྱད་རྒྱང་ཤེལ་སྤྱད་དེ་སྐར་སའི་ཤོང་ཚད་མཐོ་བའི་འཕྲིན་གཏོང་བྱེད་པར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་ཞིབ་དཔྱད་ར་སྤྲོད་བྱས་ཡོད།