གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་24ཉིན། 13:25】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་གསར་འགོད་པ། ལིའང་ཧུང་ཤིན་གྱིས་པར་བླངས།
དབྱིན་ཁྲོན་བདེ་ཐང་ལ་རྨ་ཆུའི་ཆུ་འདྲེན་གྱི་ཕན་པ་ཐོབ་པ་དང་། གནའ་རབས་ནས་བཟུང་ཆུ་ཡུར་འཕྲེད་གཞུང་སྣོལ་བ་དང་། མཚེའུ་མིག་མངས་ལྟར་ཡོད་པས། “མཚེའུ་ཡིས་བརྒྱན་པའི་གྲོང་ཁྱེར།”ཞེས་མཚན་སྙན་བཟང་པོ་ཡོད། འདིར་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་200ཡང་མ་ཟིན་མོད། འོན་ཀྱང་རང་བྱུང་མཚེའུ་དང་ན་འདམ་200ཙམ་ཡོད། 2018ལོར་དབྱིན་ཁྲོན་གྲོང་ཁྱེར་ལ་གོ་ལ་ཧྲིལ་པོའི་“རྒྱལ་སྤྱིའི་འདམ་སའི་གྲོང་ཁྱེར”ཁག་དང་པོའི་གདེང་འཇོག་ཐོབ་ཡོད་ལ། ནུབ་བྱང་ས་ཁུལ་གྱི་གཟི་བརྗིད་དེ་ཐོབ་པའི་གྲོང་ཁྱེར་འབའ་ཞིག་ཀྱང་ཡིན། མིག་སྔར། དབྱིན་ཁྲོན་གྲོང་ཁྱེར་ལ་ཁྱོན་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་5.31ཡོད་པ་དང་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་5ཡོད་པ་རེད།
མི་དམངས་དྲ་བའི་གསར་འགོད་པ། ལིའང་ཧུང་ཤིན་གྱིས་པར་བླངས།
དེ་སྔར། གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་ངང་རྒྱ་བསྐྱེད་པ་དང་བསྟུན་ནས། ཆུ་བོ་དང་མཚེའུ་ཁ་ཤས་ལ་གཏོར་བརླག་ཐེབས། ཉེ་བའི་ལོ་ཤས་རིང་། དབྱིན་ཁྲོན་གྲོང་ཁྱེར་གྱིས“གྲོང་ཁྱེར་དང་མཚེའུ་མཉམ་འཚོགས”ཀྱི་འདུ་ཤེས་སྣེ་ཁྲིད་དུ་བྱས་ཏེ། མཚེའུ་དང་འདམ་རའི་སྐྱེ་ཁམས་ཉམས་གསོ་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཆུ་བོ་དང་མཚེའུ་སྦྲེལ་མཐུད་འཛུགས་སྐྲུན་དང་། བསྐྱར་སྐྱེས་ཆུ་འཁོར་སྐྱོད་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། འདམ་རའི་ཐོན་ཁུངས་ལ་དོ་དམ་ཞིབ་ཚགས་བཅས་བྱས་པས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ཡོད། (ཀྲའོ་ཝུན་རུའེ་དང་། ཁོང་ནུན། མུའུ་གོ་ཧུའུ། ལིའང་ཧུང་ཞིན། ཀའོ་ཅ་ཝུའེ། ཀྲོའུ་ཧང་།)
མི་དམངས་དྲ་བའི་གསར་འགོད་པ། ལིའང་ཧུང་ཤིན་གྱིས་པར་བླངས།
མི་དམངས་དྲ་བའི་གསར་འགོད་པ། ལིའང་ཧུང་ཤིན་གྱིས་པར་བླངས།
མི་དམངས་དྲ་བའི་གསར་འགོད་པ། ལིའང་ཧུང་ཤིན་གྱིས་པར་བླངས།