གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་23ཉིན། 14:18】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དབྱི་རན་མའེ་ཧེའར་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་22ཉིན་གྱི་ཞོགས་པར། དབྱི་སི་རལ་ལ་འཕུར་མདེལ་གྱི་འཇབ་རྒོལ་རེས་སྐོར་གསར་པའི་ཁྲོད་དབྱི་རན་གྱིས་“ཁའེ་པོར་”འཕུར་མདེལ་ཐོག་མར་སྤྱད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཁའེ་པོར་”འཕུར་མདེལ་ནི་དབྱི་རན་གྱིས་དེའི་གོང་ལ་ཁྱབ་བསྒྲགས་བྱེད་མྱོང་བའི་“ཧོ་ལ་མུའུ་ཧྲ་ཧེར་-4”རྒྱང་རིང་འཕེན་པའི་འཕུར་མདེལ་ཡིན་པ་དང་། དེའི་གོང་ལ་དབྱི་རན་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། “ཧོ་ལ་མུའུ་ཧྲ་ཧེར་-4”འཕུར་མདེལ་ནི་“དབྱི་རན་གྱི་གཏོར་བརླག་གི་ནུས་པ་ཆེ་ཤོས་ཀྱི་འཕུར་མདེལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།