གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་23ཉིན། 14:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀན་སུའུ་ཞིང་ཆེན་པའེ་དབྱིན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཟླ་6ཚེས་20ཉིན། ཏང་ཡོན་ལས་བྱེད་པས་ཆང་བཏུངས་ནས་རླངས་འཁོར་བཏང་བ་དང་རྒྱག་འགྱེད་པའི་དཔེ་མཚོན་གནད་དོན་གསུམ་བརྡ་ཁྱབ་བཏང་བ་རེད།
1. ཅིང་ཐའེ་རྫོང་ཧྲང་ཧྲ་ཝོ་གྲོང་རྡལ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཀྲན་ཧྥུང་གིས་ཆང་བཏུངས་ནས་རླངས་འཁོར་བཏང་བའི་གནད་དོན། 2024ལོའི་ཟླ་11ཚེས་21ཉིན། ཝང་ཀྲན་ཧྥུང་གིས་ཆང་བཏུངས་རྗེས་རླངས་འཁོར་བཏང་བས་སྤྱི་བདེ་ལས་ཁུངས་ཀྱིས་རང་སར་བཟུང་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཝང་ཀྲན་ཧྥུང་གི་ཁྲག་ཏུ་ཆང་བཅུད་འདུས་ཚད་175.8mg/100mlཟིན་པས། ཆང་བཏུངས་རྗེས་རླངས་འཁོར་བཏང་བའི་ཁོངས་སུ་གཏོགས། 2024ལོའི་ཟླ་12པར། སྤྱི་བདེ་ལས་ཁུངས་ཀྱིས་ཝང་ཀྲན་ཧྥུང་ལ་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ཕྱིར་འཐེན་གྱི་སྲིད་འཛིན་ཆད་པ་བཅད། 2024ལོའི་ཟླ་12པར། ཅིན་ཐའེ་རྫོང་མི་དམངས་ཁྲིམས་ཁང་གིསཝང་ཀྲན་ཧྥུང་་ཁྲིམས་ལྟར་བཀག་ཉར་ལས་བསྐུལ་ཟླ་བ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་དངུལ་ཆད་ཀྱང་སྒོར་3000བཅད་པ་རེད། 2025ལོའི་ཟླ་3པར། ཝང་ཀྲན་ཧྥུང་ལ་ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་ལས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད་པ་རེད།
2. ཅིང་ཡོན་རྫོང་པེ་ཐན་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན། གྲོང་རྡལ་གྱི་འགོ་འཛིན་གཞོན་པ་ཞུས་ཕེ་ཐེན་གྱིས་ཆང་བཏུངས་རྗེས་རླངས་འཁོར་བཏང་བའི་གནད་དོན། 2025ལོའི་ཟླ་2ཚེས་10ཉིན། ཞུས་ཕེ་ཐེན་གྱིས་ཆང་བཏུངས་རྗེས་རླངས་འཁོར་བཏང་བས་སྤྱི་བདེ་ལས་ཁུངས་ཀྱིས་རང་སར་བཟུང་བ་རེད། ཆང་བཅུད་ཞིབ་དཔྱད་ཀྱི་དབུགས་དབྱིན་རྣམ་པའི་ཚད་ལེན་བྱས་པ་བརྒྱུད། ཞུས་ཕེ་ཐེན་ལ་ཆང་བཅུད་འདུས་ཚད་30mg/100mlཟིན་པས། ཆང་བཏུངས་རྗེས་རླངས་འཁོར་བཏང་བའི་ཁོངས་སུ་གཏོགས། ཉིན་དེར་སྤྱི་བདེ་ལས་ཁུངས་ཀྱིས་ཞུས་ཕེ་ཐེན་ལ་དངུལ་ཆད་སྒོར་1000བཏང་བ་དང་། རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་ཟླ་བ་དྲུག་རིང་བཀག་ཉར་གྱི་སྲིད་འཛིན་ཆད་པ་བཅད། 2025ལོའི་ཟླ་3པར། ཞུས་ཕེ་ཐེན་ལ་ཏང་ནང་ཏུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
3. ཕིང་ཁྲོན་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་ཀྲོའུ་ཅན་ཧྥུང་རྒྱན་འགྱེད་ནང་ཞུགས་པའི་གནད་དོན། 2025ལོའི་ཟླ་3ཚེས་14ཉིན་གྱི་ལས་ཀ་བྱེད་རིང་ཀྲོའུ་ཅན་ཧྥུང་གིས་སྡེ་ཚན་ལ་ཉིན་ཕྱེད་རིང་དགོངས་པ་ཞུས་ནས་ཕྱི་ལ་ཕྱིན་པ་རེད། ཉིན་དེའི་ཕྱི་དྲོར། ཀྲོའུ་ཅན་ཧྥུང་གིས་གཞན་དང་མཉམ་དུ་སྦག་རྩེད་ཀྱི་རྣམ་པའི་ཐོག་ནས་རྒྱན་འགྱེད་པས་སྤྱི་བདེ་ལས་ཁུངས་ཀྱིས་རང་སར་བཟུང་བ་རེད། 2025ལོའི་ཟླ་3ཚེས་15ཉིན། སྤྱི་བདེ་ལས་ཁུངས་ཀྱིས་ཀྲོའུ་ཅན་ཧྥུང་སྲིད་འཛིན་བཀག་ཉར་ཉིན་བཅུ་བྱས་པ་མ་ཟད། དངུལ་ཆད་ཀྱང་སྒོར་1000གཅོད་རྒྱུའི་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། 2025ལོའི་ཟླ་6པར། ཀྲོའུ་ཅན་ཧྥུང་ལ་ཏང་ནང་དུ་ཐ་ཚིག་ནན་པོར་སྒྲོག་པའི་ཆད་པ་བཅད་པ་རེད།