འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་23ཉིན།

ལྷ་ས་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་དམིགས་བསལ་མཚན་སྙན་ཐེངས་བརྒྱད་ཐོབ་པ།

༄༅།།སེམས་མཐུན་ལྕགས་རི་རིང་པོ་མཉམ་དུ་བསྐྲུན། འཆམ་མཐུན་ རོལ་དབྱངས་སྙན་མོ་མཉམ་དུ་དཀྲོལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་23ཉིན། 10:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིའུ་ལིན་ལིན།

    2025ལོར་ལྷ་ས་གྲོང་ཁྱེར་གྱིས་དམག་དམངས་དབར་གྱི་བརྩེ་སེམས་ཟབ་མོ་དང་ཏན་ཏིག་གི་གཉིས་བཀུར་ལས་དོན་ལ་བརྟེན་ནས“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”ཞེས་པའི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐེངས་བརྒྱད་བླངས་ནས། དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་གངས་ལྗོངས་ཀྱི་ལེའུ་གསར་པ་བརྩམས་ཡོད། སེམས་དྲོད་སྲིད་ཇུས་ནས་སྙིང་སྟོབས་རྒྱུན་འཛིན་བར་དང་ལས་ཞུགས་རོགས་སྐྱོར་ནས་གྲོང་གསེབ་དར་རྒྱས་བར། ལྷ་ས་གྲོང་ཁྱེར་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“རང་གི་མི་དམངས་དང་རང་གི་དམག་དཔུང་ལ་དགའ་ཞེན་བྱེད”ཅེས་པའི་ནང་དོན་ཟབ་མོ་མཚོན་པར་བྱས་ཡོད་པ་རེད།

བརྩེ་སེམས་ཟབ་མོས་ཕྱིར་ལོག་ལམ་བུར་ཕྱོགས་ཡོངས་ནས་ཞབས་ཞུར་འགན་སྲུང་བྱས་པ།

    ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་ཐེབས་རྩ་ལྷན་ཚོགས་ཐོག་མ་ནས་སྒོར་ཁྲི་400བཏང་བ་དེས་དམག་མི་རྒན་གྲས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། དམག་ཞབས་ཐིམ་པའི་དམག་མིའི(གཟིགས་སྐྱོང་བྱ་ཡུལ)རྒན་གསོ་ཁང་དང་པོ་བཙུགས་པ་དེས་ཁོང་ཚོར་བརྩི་བཀུར་སྔར་བས་ཐོབ་ཡོད།

    དུས་ཡུན་རིང་པོའི་ནང་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དམག་ཞབས་ཐིམ་པའི་དམག་མིའི་བདེ་སྡུག་སེམས་ལ་བཅངས་ཏེ་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ཁྱབ་ཁོངས་སུ་ལྗོངས་ཡོངས་ཀྱི“ཐེངས་དང་པོ”མང་པོ་བཏོད་པ་དང་། སྙིང་ཉེ་བའི་བྱེད་ཐབས་རབ་དང་རིམ་པ་དང་ཕྱོགས་ཡོངས་ཀྱི་ཞབས་འདེགས་ལ་བརྟེན་ནས་དམག་ཞབས་ཐིམ་པའི་དམག་མིས་སྤྱི་ཚོགས་ཀྱི་བརྩི་བཀུར་དང་གཅེས་སྐྱོང་ཚོར་ཐུབ་པར་བྱས་ཏེ“དམག་ཞབས་ཐིམ་རུང་གཟི་བརྗིད་མི་ཉམས་པ་དང་མུ་མཐུད་ཞབས་ཞུ་སྒྲུབ་པ”དངོས་སུ་མངོན་འགྱུར་བྱུང་ཡོད།

     སྟབས་བདེ་དང་ནུས་ཆེའི་ཞབས་ཞུའི་དྲ་རྒྱ་འཛུགས་ཆེད། ལྷ་ས་གྲོང་ཁྱེར་གྱིས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས(ས་ཚིགས)བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ད་ཆ་ཞབས་ཞུའི་ལྟེ་གནས(ས་ཚིགས)94ཡོད་པ་དེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་དང་ཐ་ན་ལྗོངས་ཕྱིར་ཁྱབ་ནས་ཁྱབ་རྒྱ་ཆེ་ཞིང་ཞབས་ཞུ་གནད་ལ་འཁེལ་བའི་དྲ་རྒྱ་ཞིག་ཆགས་ཏེ་དམག་ཞབས་ཐིམ་པའི་དམག་མིར་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དངོས་སུ་ཐག་གཅོད་ཐུབ་ཡོད།

    ལས་ཞུགས་ལས་གཏོད་ནི་དམག་ཞབས་ཐིམ་པའི་དམག་མི་སྤྱི་ཚོགས་སུ་ལོག་རྗེས་འཕྲད་པའི་གནད་དོན་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་འགན་འཁྲི་ཧུར་ཐག་ཁུར་བས། དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ཀྱི་རྒྱབ་རྟེན་བརྟན་པོ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། བཀོད་སྒྲིག་བྱེད་རྩིས་ཡོད་པའི་དམག་མི་ནས་ལས་བྱེད་པར་བསྒྱུར་བ་དང་དམག་ཞབས་ཐིམ་པའི་དམག་མི་144ཚང་མ་བདེ་བླག་ངང་སྲིད་འཛིན་བྱ་གཞག་ཚན་པར་བཀོད་སྒྲིག་བྱས་ཡོད། གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྒོར་ཁྲི་127དུས་ཐོག་ཏུ་སྤྲད་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་དང་། དངོས་སྦྱོང་རྟེན་གཞི་དང་དཔེ་སྟོན་རྟེན་གཞི་23བཙུགས་ནས་དམག་ཞབས་ཐིམ་པའི་དམག་མིར་སློབ་སྦྱོང་དང་འཚར་ལོངས་ཀྱི་ལས་སྟེགས་བཏོད་པ། ལྗོངས་ཡོངས་ཀྱི་འགྲན་བསྡུར་ཆེན་པོའི་ཁྲོད་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་ཁེ་ལས་33ཐོན་ནས་ལྷ་ས་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

གསར་བརྗེའི་མེ་སྟག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མི་གསར་བསྐྱངས་པ།

     2020ལོར་རི་ཆུ་བརྒལ་བའི《གཉིས་བཀུར་མཉམ་སྐྲུན་གྱི་གྲོས་མཐུན་ཡི་གེ》ཞིག་ལས་ལྷ་ས་གྲོང་ཁྱེར་དང་མཚོ་དམག་གི“ལྷ་ས་གྲུ་གཟིངས”གཉིས་དབར་འབྲེལ་བ་དམ་ཟབ་བྱུང་ཞིང་། དམིགས་བསལ་གྱི་འབྲེལ་བ་དེས“གྲུ་གཟིངས་དང་གྲོང་ཁྱེར་གྱི་མིང་གཅིག་པའི”གཟི་བརྗིད་དེ“གྲུ་གཟིངས་དང་གྲོང་ཁྱེར་མཉམ་སྐྲུན”གྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་གྱུར་ནས་ལྷ་སའི་གཉིས་བཀུར་ལས་དོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།

     ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་ཕྲུ་གུ་ཚོས་བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་དཔུང་སྡེ་ཞིག་ནས་ཡོང་བའི་དཔོན་དམག་ས་ནས་རྦ་རླབས་འཇིགས་སུ་རུང་བའི་ཁྲོད་མཚོ་ཁོངས་སྲུང་བའི་ཁོང་ཚོའི་གཏམ་རྒྱུད་ཉན་པ་དང་། ཆིང་ཏའོ་ཡི“མཚོ་ཐོག་ནས་ཕུགས་འདུན་དོན་གཉེར་བྱེད”ཅེས་པའི་དགེ་རྒན་འཆད་ཁྲིད་ཚོགས་པས་རི་ཆུ་བརྒལ་ནས་རྒྱ་མཚོའི་གཟི་རྔམ་དང་ཡ་མཚན་གྱི་གཏམ་རྒྱུད་དག་སྙེ་མོ་རྫོང་གི་སློབ་གྲྭ་འབྲིང་ཆུང་དྲུག་གི་སློབ་ཁང་དུ་ཁྲིད་པ་རེད།

     དམག་ཞབས་ཐིམ་པའི་ཕུལ་བྱུང་དམག་མིས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”ཐོག་རང་ཉིད་ཀྱི་མྱོང་བ་དངོས་བརྗོད་ནས་ལྷག་བསམ་རྣམ་དག་གི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཏེ་དགེ་སློབ་ཁྲི་2ལྷག་ཙམ་གྱི་སེམས་སུ་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ལ་དགའ་ཞེན་བྱེད་པའི་ས་བོན་བཏབ་པ་རེད།

     “དད་མོས་ཀྱི་སྟོབས་ཤུགས”ཞེས་པའི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་འགྲེམས་སྟོན་གྱིས་ནན་ཅིང་ཡུས་ཧྭ་ཐའེ་ཡི་སྔོན་གཤེགས་དཔའ་བོའི་མི་སེམས་འགུལ་བའི་བྱས་རྗེས་གངས་ལྗོངས་ས་མཐོར་བརྗོད་པ་དང་། “ཡུས་ཧྭ་ཚའོ་ཡི་རྣམ་ཤེས”ཞེས་པའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་འགྲེམས་སྟོན་ལས་ཉམས་པ་མེད་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱལ་ཡོངས་ཀྱི་ལྟད་མོ་བ་རྣམས་ཀྱི་སེམས་སུ་མཉམ་སྒྲོག་དྲག་པོ་བྱུང་ཡོད། ལོ་ལྟར་གྱི་དྭངས་གསལ་དུས་ཚིགས་དང་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་ལྷ་ས་དང་། སྙེ་མོ། འདམ་གཞུང་བཅས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མི་ཐེངས་ཁྲི་2.2ལྷག་ཙམ་མཆོད་འབུལ་བྱེད་པར་ཡོང་བ་དང་མི་ཐེངས་ཁྲི་5ལྷག་ཙམ་གྱིས་དྲ་རྒྱའི་ལས་སྟེགས་བརྒྱུད་སྔོན་གཤེགས་དཔའ་བོར་དྲན་གསོ་བྱེད་ཀྱི་ཡོད། ཉམས་པ་མེད་པའི་སྙིང་སྟོབས་ཀྱི་རྡོ་རིང་དེ་དག་ནི་དམག་དམངས་ཀྱིས་ཐུན་མོང་ཐོག་བསྲུངས་པའི་བསམ་པའི་ཁྱིམ་གཞིས་ཤིག་ཡིན་ལ། གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་དཔང་པོ་ནུས་ལྡན་ཞིག་ཀྱང་ཡིན།

དམག་དམངས་སེམས་མཐུན་གྱིས་དར་རྒྱས་ལ་ སྐུལ་འདེད་བཏང་བ།

    སྟོད་ལུང་བདེ་ཆེན་ཆུས་རྣམ་པར་གྲོང་ཚོའི་དྲོད་ཁང་ནང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནོར་བུས་ཡུལ་མིའི་སྣེ་ཁྲིད་དེ་ཤ་མོ་འཐུ་བཞིན་འདུག དམག་ཞབས་ཐིམ་ནས་ལོ་12སོང་བའི་དམག་མི་རྒན་གྲས་དེས་དམག་དཔུང་ནས་སྦྱངས་པའི་འདེབས་འཛུགས་ལག་རྩལ་སྤྱད་དེ་གྲོང་ཚོ་ཡོངས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་བརྒྱ་འཕར་རྒྱུར་སྐུལ་ཁྲིད་བྱས། “དྲག་ཆས་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྣུམ་ནག་ལམ་བཏིང་པས། ང་ཚོས་ཤ་མོ་དབོར་བར་དེ་བས་སྟབས་བདེ་རུ་ཕྱིན་སོང”ཞེས་ཁོང་གིས་གསར་དུ་བཟོས་པའི་ལམ་བུར་མཛུབ་མོ་འཛུགས་བཞིན་དེ་ལྟར་བརྗོད།

     ཉེ་བའི་ལོ་ཤས་རིང་། དཔུང་སྡེའི་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་དེ་ཕ་ཡུལ་དུ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩིས་ཏེ་བརྩེ་སེམས་ཟབ་མོ་འཆང་བ་དང་དངོས་སྒྲུབ་ལ་བརྟེན་ནས་ཕ་ཡུལ་གཉིས་པའི་འཕེལ་རྒྱས་ལས་དོན་ཧུར་ཐག་སྒྲུབ་ཡོད།

   མལ་གྲོ་གུང་དཀར་རྫོང་བྲག་ལོག་གྲོང་ཚོ་དང་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་འོད་པ་གྲོང་ཚོར་དྲག་ཆས་ཉེན་རྟོག་ལྷ་སའི་དཔུང་སྡེ་ཞིག་གིས་མ་དངུལ་བཏང་ནས་བོད་བྱ་གསོ་ཚགས་ར་བ་དང་བཞོན་མ་ར་བ་བསྐྲུན་ནས་ཡུལ་མི་500ལ་ལས་ཞུགས་འབབ་འཕར་གྱི་སྒོ་མོ་ཕྱེ་སྟེ་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཆུ་ཤུར་རྫོང་རྟ་དཀར་གྲོང་ཚོ་དང་ལྷུན་གྲུབ་རྫོང་རྒྱུད་རོང་གྲོང་ཚོ་སོགས་སུ་བོད་སྡོད་དཔུང་སྡེ་ཞིག་གིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་རྒྱལ་སྲུང་སློབ་གསོར་དམིགས་ཏེ་སྣུམ་ནག་ལམ་བཏིང་ནས་ཡུལ་མི་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་པ་དང་། རྩལ་ནུས་གསོ་སྦྱོང་བྱས་ཏེ་ཡུལ་མིའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བ། སྒོ་རྩིས་ཚོང་ཁང་བཙུགས་ཏེ་ཡུལ་མིའི་འཚོ་བ་སྟབས་བདེ་རུ་གཏོང་བ་བཅས་བྱས་པ་མ་ཟད། རྒྱལ་སྲུང་སློབ་གསོ་ཁང་བསྐྲུན་པ་དེས་ཡུལ་མིའི་སེམས་སུ་སྙིང་སྟོབས་ཀྱི་ལྕགས་རི་རིང་པོ་བསྐྲུན་པ་ལྟ་བུར་གྱུར་ཡོད།

     ལྷ་སའི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་ས་ཆའི་ཐོག་དམག་ཞབས་ཐིམ་པའི་དམག་མི་97གྱིས་གྲོང་ཚོའི“ཨུ་ལྷན་གཉིས” ཚན་ཁག་ཏུ་ལས་ཀ་ཚ་ཚ་འུར་འུར་བྱེད་བཞིན་ཡོད། དེའི་ཁྲོད་ཀྱི“གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི”48གྲོང་མི་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྣེ་ཁྲིད་པར་གྱུར་པ་དང་། དམག་ཞབས་ཐིམ་པའི་དམག་མི་སྟེ་ཕྱུག་འགྱུར་སྣེ་ཁྲིད་པ་17གྱིས་ཞིང་ཐང་དུ་ངོ་མཚར་གྱི་གཏམ་རྒྱུད་གསར་པ་རྩོམ་པ། དམག་ཞབས་ཐིམ་པའི་དམག་མིའི་དང་བླངས་ཞབས་ཞུའི་རུ་ཁག་56དང་རུ་མི་741གིས་གཞི་རིམ་བཅོས་སྐྱོང་གི་འཐབ་ས་དང་པོར“དམག་ཞབས་ཐིམ་རུང་མུ་མཐུད་ལེགས་སྐྱེས་འབུལ་བའི”ལྷག་བསམ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།