འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་23ཉིན།

ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་པ།

༄༅།།ཀུན་སེམས་གཅིག་ཏུ་བསྒྲིལ་ན་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་23ཉིན། 10:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཧུའུ་ཙེ་ཞི།

    གླེང་མོལ་ཞིག་2022ལོའི་ཟླ་བ་དང་པོར་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་སྐབས་སུ་འགོ་བཙུགས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་དབུ་ཚོགས་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་གླེང་མོལ་གྱི་མཉམ་ལས་ལམ་སྲོལ་རབ་དང་རིམ་པ་ཡག་པོ་གཉེར་ཏེ་འཚོལ་ཞིབ་གསར་པར་བརྟེན་ནས་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཕྱེ་དགོས་པ་བཏོན་གནང་ཡོད།

    ལམ་སྲོལ་ཞིག་2023ལོའི་ཟླ་བ་ལྔ་པར་ཤིས་ཨན་དུ་བཙུགས་ཤིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གཙོ་བདག་གི་ཞལ་འཛོམས་ལམ་སྲོལ་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་གནང་ཡོད།

    སྙིང་སྟོབས་ཤིག་དབྱར་དུས་སུ་ཧ་སག་སི་ཐན་གྱི་ཨ་སི་ཐ་ན་རུ་བཏོད་ཅིང་། ད་ལོའི་ཟླ་6ཚེས་17ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་དུས་བཀག་ལྟར་འཚོགས་ཡོད།

     “ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་གཉིས་ཀར་ཕན་པ། ཕན་ཚུན་རོགས་རམ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མཉམ་དུ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས” དུས་རབས་ཀྱི་འགྱུར་ལྡོག་ལ་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཐོག་མར་བཏོན་གནང་བ་དེར་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་གིས་མགྲིན་གཅིག་ཏུ་རྒྱབ་སྐྱོར་ཐོབ་ཡོད། ཚང་མའི་རེ་སྒུག་ཁྲོད《ཨ་སི་ཐ་ན་ཡི་བསྒྲགས་གཏམ》ཐོན་ནས“སྙིང་སྟོབས་དེ་དར་སྤེལ་ཤུགས་ཆེན་བཏང་སྟེ་ལམ་སྲོལ་ཁོངས་མིའི་རྒྱལ་ཁབ་ཀྱིས་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྨང་གཞིར་འགྱུར་བར་བྱེད་དགོས”ཞེས་པ་དེ་འདས་ཟིན་པ་དང་འབྱུང་འགྱུར་འབྲེལ་མཐུད་བྱེད་པའི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད།

(གཅིག)ཀྲུང་གོའི“ཕྱི་འབྲེལ་ཚིག་མཛོད”ནང་གི་ཐ་སྙད་གཉིས།

ཨེ་ཤེ་ཡ་དབུས་མ་གལ་ཆེན་པོ་ཡིན་དོན་གང་ཡིན་ནམ།

    ས་བཀྲར་བལྟས་ཚེ“ཨེ་ཤེ་ཡ་དབུས་མ་ནི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་ལྟེ་གནས་ཡིན་པ་དང་། ཤར་ནུབ་འབྲེལ་མཐུད་དང་ལྷོ་བྱང་དུ་ཁྱབ་པའི་ལམ་བཞི་མདོ་ཁར་གནས་ཡོད” ཀྲུང་གོ་ནས་ནུབ་བྱང་གི་ཕྱོགས་སུ་བལྟས་ཚེ། དེ་ནི་ང་ཚོ་དང་ས་སྦྲེལ་གྱི་ཁྱིམ་མཚེས་ཤིག་རེད། ཧ་སག་སི་ཐན་དང་ཀྲུང་གོའི་བར་སྤྱི་ལེ་1700ལྷག་ཙམ་གྱི་ཐུན་མོང་གི་ས་མཚམས་ཡོད།

    ཉིན་ཤས་བསྟུད་མར་ཨ་སི་ཐ་ན་ཡིས་གོ་ལ་ཧྲིལ་པོའི་མིག་དབང་བཀུག་ཅིང་། ལྟ་ཞིབ་པ་མི་ཉུང་བ་ཞིག་གིས་C5+1ཡི་གླེང་མོལ་ལམ་སྲོལ་མང་པོའི་ནང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་དོན་གང་ཡིན་ནམ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་གསོན་ཤུགས་གང་ནས་བྱུང་བ་ཡིན་ནམ་ཞེས་དྲི་བ་བཏོན་ཡོད།

འདྲི་གཞི་དེ་དག་ལ་ལན་འདེབས་དགོས་ན། ཀྲུང་གོའི“ཕྱི་འབྲེལ་ཚིག་མཛོད”ནང་གི་ཐ་སྙད་གཉིས་ལ་ལྟ་ཞིབ་བྱས་ན་ཤེས་ཐུབ།

    ཐ་སྙད་དང་པོ་ནི“ཕན་ཚུན”ཞེས་པ་དེ་ཡིན། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཀྱི་གོང་གི་ཚིག་ནང“ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་གཉིས་ཀར་ཕན་པ། ཕན་ཚུན་རོགས་རམ”བཅས་ལས། འདྲ་མཉམ་གྱི་རྩ་དོན་དང་། ཡིད་ཆེས་ཟབ་མོ། མཉམ་དུ་སྐྱོད་པའི་ཆོད་སེམས་བཅས་མངོན་ཡོད། སྤྱི་ལེ་ངོས་གྲུ་ཁྲི་1360ལྷག་ཙམ་ཡོད་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ས་གཞིའི་ཐོག་རྒྱལ་ཁབ་ཆེན་པོ་དང་ས་ཁུལ་དབར་མཉམ་འགུལ་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་གསར་པ་ཉིན་རེ་བཞིན་ཁ་གསལ་དུ་འགྲོ་བཞིན་ཡོད།

    རྒྱལ་ཁབ་དྲུག་གི་གཙོ་བདག་གིས་ཤིས་ཨན་དུ་བཏབ་པའི་སེ་འབྲུའི་སྡོང་པོ་ད་ཆ་ལོ་འདབ་རྒྱས་ནས་མེ་ཏོག་བཞད།

     ད་ཐེངས་རྒྱལ་ཁབ་དྲུག་གི་གཙོ་བདག་གིས་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་མཚན་རྟགས་བཀོད་ནས་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་ཤིང་། ཆིངས་ཡིག་ནང“ཆིངས་ཡིག་དེ་ཡུན་རིང་གོ་ཆོད”ཅེས་བྲིས་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་འགྲོ་བའི་སྐབས་སུ་ཆིངས་ཡིག་གི་རྩ་ཆེའི་ནུས་པ་མངོན་ཡོད།

    ཐ་སྙད་གཉིས་པ་ནི“ཐུན་མོང”ཞེས་པ་དེ་ཡིན། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཀྱི་ཚིག་མཇུག་མ་ནི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན།

    ཡོ་ལང་དང་བརྟན་ལྷིང་མེད་པའི་འཛམ་གླིང་ལ“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཀྱིས་བརྒྱུད་སྤྲོད་བྱེད་པ་ནི་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་དང་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་བྱེད་པའི་ཆོད་སེམས་དང་གདེང་ཚོད་ཡིན་ལ། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་པའི་བསམ་བློའི་བློ་སྒོ་ཕྱེ་བ་དེ་ཡིན།

(གཉིས)གསུང་རྩོམ་བཀླགས་པ་དང་ཀྲུང་གོ་དང་འབྲེལ་འདྲིས་དེ་བས་ཟབ་ཏུ་ཕྱིན།

    ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་འཛོམས་གནང་རིམ་བཞིན་རང་འགུལ་ངང་ཁོང་གི་གསུང་རྩོམ་སྐོར་གླེང་གི་ཡོད་ལ། གསུང་རྩོམ་ཞིབ་ཀློག་བྱས་པའི་བསམ་གཞིག་དང་བློ་སྒོ་གང་ཞིག་ཕྱེ་མིན་སྐོར་མཉམ་སྤྱོད་གནང་གི་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལས་ཀྲུང་གོའི་རུའུ་ལུགས་ནང་འདུས་པའི་བློ་གྲོས་ཀྱི་ཉིང་བཅུད་ངའི་བློ་ངོར་འཆར་བྱུང”

    “སྐུ་ཉིད་ནི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་ལྡན་པའི་འཛམ་གླིང་རིམ་པའི་རླབས་ཆེན་གྱི་ཆབ་སྲིད་མཁས་ཅན་ཞིག་དང་དེང་སྐབས་ཀྲུང་གོའི་སྒྱུར་བཅོས་ཀྱི་སྔོན་བྱོན་པ་དང་འཛུགས་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ངང་ནང་སྲིད་ཕྱི་འབྲེལ་སྲིད་ཇུས་ལ་སྐུལ་འདེད་ཧུར་ཐག་བཏང་གནང་ཡོད”

    ཨ་སི་ཐ་ནའི་དུས་ཚོད་ཚེས་17ཉིན་གྱི་སྔ་དྲོར། ཕྱོགས་གཉིས་པོ་མཇལ་འཛོམས་གནང་སྐབས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་ཅིག་གིས་མཇལ་འཛོམས་གསོལ་ལྕོག་མདུན་དུ་གསུང་རྩོམ་ནང་གི་སྒྱུར་བཅོས་སྐོར་གྱི་དགོངས་པར་གྲོས་བསྡུར་བྱས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་ནས་བསྐྱར་དུ་གསལ་འགྲེལ་གཏིང་ཟབ་ཅིག་གནང་རྒྱུར་ཉན་འདོད་ཆེན་པོ་ཡོད་ཅེས་བརྗོད།

གསུང་རྩོམ་དེ་ནི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་དེ་རེད། ཞིབ་ཀློག་དང་། བསམ་གཞིག འདྲི་བ་བཅས་དེ་དག་ནི“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”མཚོན་རྟགས་ཀྱི་ཐུན་མོང་གི་ཕུགས་འདུན་ཏེ། “དེང་རབས་ཅན”ལས་འབྱུང་བ་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོ་ནི་ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་གྱི་ལམ་བུར་མཉམ་དུ་སྐྱོད་མཁན་ཞིག་ཡིན།

(གསུམ)ལོ་ངོ་ལྔ་སྟོང་གི་ཤེས་དཔལ་མཉམ་འདྲེས་བྱས་པའི་དུས་རབས་ཀྱི་མཚོན་ཚུལ།

    2022ལོའི་བརྙན་ལམ་དབུ་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཕན་ཚུན་བརྩི་འཇོག་དང་། ཁྱིམ་མཚེས་མཛའ་མཐུན། ཕྱར་བ་གྲུ་འདེགས། གཉིས་ཁེ་མཉམ་ཕན” བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ཀྱི་མན་ངག་སྙིང་པོར་བསྒྲིལ་ནས་བཏོན་གནང་ཡོད། 2023ལོའི་ཤིས་ཨན་དབུ་ཚོགས་ཐོག་སྤྱི་ཁོག་གི་ཕུགས་འདུན་ནས་ཨེ་ཤེ་ཡ་དབུས་མ་གང་འདྲ་ཞིག་སྐྲུན་པའི་ཐད“འདོད་ཚུལ་བཞི”བཏོན་གནང་བ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་ཇི་ལྟར་འཛུགས་པའི་ཐད“མཐའ་འཁྱོངས་བྱེད་དགོས་པ་བཞི”བཏོན་གནང་ཡོད།

    དུས་རབས་གསར་པར། དར་གོས་ལམ་བུའི་སྙིང་སྟོབས་དང་། འབོ་གསེར་གྱི་སྙིང་སྟོབས། ཀྲུང་ཧྥེའི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས། ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས། ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཉམ་ལས་ཀྱི་སྙིང་སྟོབས། ཀྲུང་གོ་དང་ཧྥ་རན་སེའི་དབར་བཙུགས་པའི་ཕྱི་འབྲེལ་གྱི་སྙིང་སྟོབས་སོགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་འབད་འཐབ་དང་གསར་འབྱེད་མངོན་ཡོད།

    ན་ནིང་ཨུ་རུ་སུར་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲེར་ཉི་ཞུའེ་ཧྥུ་སི་ཅི་ཡི་གྲགས་རྩོམ《གང་འདྲ་བྱེད་དགོས་སམ》ཞེས་པའི་དེབ་ནང་གི“མི་སྣ་གཙོ་བོའི་བློ་སྟོབས་བརྟན་པོ་དང་འབད་འཐབ་ཀྱི་སྤྲོ་སེམས་ནི་མིག་སྔར་ང་ཚོར་མཁོ་བའི་བསམ་པའི་སྟོབས་ཤུགས་རེད”ཅེས་གསུངས་ཡོད།

    རྒྱལ་ཁབ་དེ་བས་མང་པོས་ཀྲུང་གོ་དང་ལག་གདང་སྦྲེལ་ནས་བསྐྱོད་རྒྱུའི་གདམ་ག་བྱེད་པ་དེ་ལས། མི་ཡུལ་གྱི་ཡང་དག་འགྲོ་ལམ་ཐོག་སྐྱོད་མཁན་ཀྲུང་གོར་ས་ཕྱོགས་གང་སར་གྲོགས་པོ་ཡོད་པ་མ་ཟད། དེ་བས་བདེན་ལུགས་ལ་བརྟེན་ནས་རྒྱང་དུ་སྐྱོད་བཞིན་པ་ར་འཕྲོད་ཐུབ་ཡོད།