འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་23ཉིན།

༄༅།།ད་ལོའི་དཔྱིད་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་4.3ཙམ་ཟིན་པ།

དབྱར་ཆུ་གོ་རིམ་ལྡན་པའི་ངང་འདྲེན་བཞིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་23ཉིན། 10:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ▶ད་ལོའི་རྒྱལ་ཡོངས་ཀྱི་དཔྱིད་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་4.3ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཞིང་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་570ཙམ་ཟིན་པའི་ནང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་དུ་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་3.3ཙམ་ཟིན་པ། རིམ་རྩིས་བརྒྱབ་ན་ཞིང་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་450ཙམ་ཟིན་ཡོད་པ་རེད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། རྒྱལ་ཡོངས་སུ་དཔྱིད་ཆུ་འདྲེན་མཇུག་འགྲིལ་ནས་དབྱར་ཆུ་གོ་རིམ་ལྡན་པའི་ངང་འདྲེན་བཞིན་ཡོད་ཅིང་། ད་ལོའི་རྒྱལ་ཡོངས་ཀྱི་དཔྱིད་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་4.3ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཞིང་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་570ཙམ་ཟིན་པའི་ནང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་དུ་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་3.3ཙམ་ཟིན་པ། རིམ་རྩིས་བརྒྱབ་ན་ཞིང་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་450ཙམ་ཟིན་ཡོད་པ་རེད།

    ད་ལོ་ཚུན་རྒྱལ་ཡོངས་སུ་ཆ་སྙོམས་ཆར་ཆུ་འབབ་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་11%ཉུང་དུ་ཕྱིན་ཡོད། ད་ལོའི་དཔྱིད་ཆུ་འདྲེན་རིང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་5500ལྷག་ཙམ་གྱིས་ཐན་འགོག་དང་ཞིང་ཆུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ནས་དབྱར་འབྲུར་ལོ་ལེགས་ཡོང་བར་འདེགས་སྐྱོར་བྱས་ཡོད། མིག་སྔ་ནི“དབྱར་ལས་གསུམ”གྱི་བྲེལ་བརྩོན་ཆེ་བའི་དུས་ཚིགས་ཡིན་པས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་བེད་འགན་སྲུང་བྱེད་ཐབས་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ། ཐན་ཞོད་མཉམ་འགོག་མཉམ་བཅོས་མཐའ་འཁྱོངས་ཀྱིས་སྔ་ཙམ་བཀོད་སྒྲིག་བྱེད་པ་དང་། ཐན་སྐྱོན་གྱི་གནས་ཚུལ་ལ་དོ་ཁུར་ཡག་པོ་བྱེད་པ། ཐན་འགོག་གི་ཆུ་ཁུངས་གཅིག་གྱུར་བཀོད་གཏོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“དབྱར་ལས་གསུམ”གྱི་ཞིང་ལས་ཐོན་སྐྱེད་ལས་དོན་འགན་སྲུང་བརྟན་པོ་བྱས་ཡོད།

    ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་ཞིང་ཆུ་འདྲེན་པ་དང་ཞོད་སྐྱོན་སེལ་བའི་ལས་གྲྭའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཆུ་བེད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། མིག་སྔར་རང་རྒྱལ་གྱི་རྨོ་ཞིང་གི་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་10.8ལྷག་ཙམ་ཟིན་པ་དང་། ཆུ་འདྲེན་པ་དང་ཞོད་སྐྱོན་སེལ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ། བསྐྱར་འདེབས་སྟོན་གྲངས་མཐོ་རུ་ཕྱིན་པ་བཅས་རེད། 2024ལོར་རྨོ་ཞིང་གི་ཆུ་འདྲེན་ཁུལ་དུ་ཐོན་སྐྱེད་བྱས་པའི་འབྲུ་རིགས་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཐོན་ཚད་བསྡོམས་འབོར་གྱི་80%ཙམ་བཟུང་བ་དང་། དེའི་ནང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་མུའུ་རེའི་ཆ་སྙོམས་ཐོན་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་1.5ནས་2བར་དང་སྐམ་ཞིང་གི་ལྡབ་2.5ནས་3བར་སླེབས་ཡོད་པ་རེད།