དྲ་ཚོང་གིས་ནང་མཁོའི་གསོན་ཤུགས་འཕེལ་བར་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་23ཉིན། 10:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་ལྔ་པ་བར་རང་རྒྱལ་གྱི་དྲ་ཐོག་ཚོང་དོན་གྱིས་གསར་གཏོད་ནུས་པ་ཆེ་བ་དང་། ལས་རྣམ་གསར་བ། ཁྲོམ་རའི་གཞི་ཁྱོན་ཆེ་བ། རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པའི་ཁར། ནང་ཁུལ་གྱི་དགོས་མཁོའི་གསོན་ཤུགས་འདོན་སྤེལ་བྱས་ནས་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད།
འཛད་སྤྱོད་དྲ་ཚོང་གིས་སྤུས་ཚད་མཐོ་རུ་དང་ནང་མཁོ་ཆེ་རུ་བཏང་ཞིང་། སྤུས་དག་དྲ་ཚོང་སྐྱེད་སྲིང་དང་། ཕྱི་ཕྱོགས་ཚོང་དོན་ལ་རམ་འདེགས། ནང་ཁུལ་ཚོང་དོན་སྤེལ་རྒྱ་ཆེར་གཏོང་སོགས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྲིད་ཇུས་དང་། གུང་གསེང་། བྱེད་སྒོ་བཅས་ཟུང་དུ་འབྲེལ་བའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ཟླ་བ་དང་པོ་ནས་ལྔ་པ་བར་དྲ་ཐོག་སིལ་ཚོང་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་8.5%འཕར་ཡོད།
སྤུས་ལེགས་ཚོང་ཟོག་དང་། དྲ་རྒྱའི་ཞབས་ཞུའི་འཛད་སྤྱོད། རྣམ་པ་གསར་པ་དང་ལས་རྣམ་གསར་པ་བཅས་སྒུལ་ཤུགས་གསར་པར་གྱུར་པ་དང་དྲ་ཐོག་དྲ་ཕྱི་མཉམ་འདྲེས་ཀྱི་རྣམ་པ་གཏིང་ཟབ་ཏུ་སོང་ཞིང་། གཙོ་གནད་ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱི་གྲངས་འཛིན་ཐོན་རྫས་དང་རིགས་15ཡི་རྙིང་ཚབ་གསར་བརྗེའི་ཁྱིམ་སྤྱོད་གློག་ཆས་དང་། གྲངས་འཛིན་ཐོན་རྫས། དྲ་རྒྱའི་ཞབས་ཞུའི་འཛད་སྤྱོད། དུས་ཐོག་སིལ་ཚོང་བཅས་ཀྱི་གྲངས་འབོར་10.4%དང་། 14% 13.3% 12%བཅས་སོ་སོ་འཕར་ཡོད།
ཐོན་ལས་དྲ་ཚོང་གིས་སྦྲེལ་མཐུད་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་བཏང་ཞིང་། དྲ་ཚོང་དང་ཐོན་ལས་ཁུལ་ཟུང་འབྲེལ་གྱིས་ཐོན་ལས་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཐོན་ལས་དྲ་ཚོང་གིས་ཁེ་ལས་ལ་ཕན་འདོགས་པའི་འབྲེལ་མཐུད་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ། ས་ཁུལ་20ལྷག་ཙམ་དུ་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་ནས་ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཆུ་ཚད་མཐོ་རུ་དང་ཕྱི་ནང་ཚོང་དོན་གྱི་མཐུན་སྦྱོར་ནུས་པ་ཆེ་རུ་བཏང་ཡོད། ལག་རྩལ་ལ་བརྟེན་ནས་རོགས་སྐྱོར་བྱས་ཏེ་མ་གནས་ཆུང་དུ་དང་ཕན་འབྲས་ཆེ་རུ་བཏང་ཞིང་། ཐོན་ལས་གཙོ་བོའི་དྲ་ཚོང་ལས་སྟེགས་ཀྱི་མིས་བཟོས་རིག་ནུས་ཉེར་སྤྱོད་དེ་སྤུས་ཚད་དོ་དམ་ཚོད་འཛིན་སོགས་གཉེར་སྐྱོང་ལྷུ་ཚིགས་དང་མཁོ་སྤྲོད་སྙོམས་སྒྲིག་སོགས་ཞབས་ཞུའི་ལྷུ་ཚིགས་ནས། ཚོང་དོན་རྣམ་པ་སོགས་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་སུ་རྒྱ་སྐྱེད་བཏང་ཡོད། ཞིབ་འཇུག་གསར་སྤེལ་གྱི་དུས་ཡུན་40%ཐུང་དུ་ཕྱིན་པ་དང་གཉེར་སྐྱོང་མ་གནས་15%དམའ་རུ་སོང་ཡོད།