འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་20ཉིན།

༄༅།།ཀྲུང་གོར་སྐྱོད་པ། ཤ་ཚ་བའི་བྱ་ཕྲུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་20ཉིན། 13:47】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ལས་ཕྱོད་ཆེ་བའི་དེང་རབས་ཅན་གྱི་སྐྱེད་སྲིང་ཐོན་སྐྱེད་ལམ་རིམ་ཐོག་གསར་དུ་སྐྱེད་སྲིང་བྱས་པའི་བྱ་ཕྲུག་གི་ལུས་ཡོངས་ལ་སྤུ་ཕྲ་ཞིང་མཉེན་པས་ཁེབས་ཡོད་པ་དང་། མིག་ཟུང་དྭངས་ཤིང་གསལ། འདེམས་སྒྲུག་པས་ཉིན་རེར་འཁོར་རྒྱུག་ལས་རིམ་ནས་“སྐྱོན་མེད་བྱ་ཕྲུག་་”ཚད་མཐུན་དང་ཚད་ལོན་ཁྲི་20ཙམ་བདམས་ཏེ་ཚད་ལྡན་ཅན་གྱི་ཐུམ་སྒྲིལ་བརྒྱབ་རྗེས་གསོ་སྤེལ་ར་བར་སྐྱེལ་བཞིན་ཡོད།

    ཅི་ལིན་ཞིང་ཆེན་ལི་ཧྲུའུ་རྫོང་དུ་གནས་པའི་སི་ཕིང་ཡུན་སེར་འབྲོག་ལས་ཚད་ཡོད་ཀུང་སི་ནི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་བཤས་བྱ་སྒྲོ་དཀར་གསོ་སྤེལ་གྱི་ལས་སྣོན་ཁེ་ལས་ཤིག་རེད། 2015ལོར་བཙུགས་པ་ནས་བཟུང་། སྒྱུར་བཅོས་དང་འཕེལ་རྒྱས་ཟམ་མི་ཆད་པར་བཏང་བ་བརྒྱུད་ཐོན་ལས་ཀྱི་སྦྲེལ་ཐག་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་དང་། ད་ཆ་རིགས་རྒྱུད་བྱ་རིགས་གསོ་སྤེལ་དང་། ཚོང་ཟོག་བྱ་རིགས་གསོ་སྤེལ། གཟན་ཆག་ལས་སྣོན། གསོ་སྤེལ་ལག་རྩལ་ཞབས་ཞུ། བྱ་རིགས་བཤས་རྒྱུ། ཁག་བགོས་ལས་སྣོན། ཕྱིར་འཚོང་བཅས་ཀྱི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཁེ་ལས་ཤིག་ཏུ་གྱུར་ཡོད། ཐོན་ལས་སྦྲེལ་ཐག་དེས་ས་གནས་ལ་ངལ་རྩོལ་ལས་ཞུགས་པ་1000ལྷག་ཙམ་གྱི་དཀའ་ངལ་སེལ་ཡོད།