འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་20ཉིན།

༄༅།།གཙོད་གནས་སྤོ་འགོ་ཚུགས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་20ཉིན། 13:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ལོ་རེའི་ཟླ་5པ་ནས་ཟླ་7པའི་བར། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་མོར་གཙོད་ཕྲུག་བཙའ་དུས་ཀྱི་གནས་སྤོ་བའི་དུས་ཚིགས་སུ་སླེབས་ཡོད། གཙོད་དེ་དག་དུས་རྒྱུན་ཁ་ཐོར་དུ་སྡོད་པ་ནས་ས་ཆ་གཅིག་ཏུ་འདུ་བའི་གཙོད་ཁྲི་སྟོང་མང་པོའི་ཁྱུ་ཚོགས་སུ་གྲུབ་ཅིང་། དུས་ཚོད་དང་བགྲོད་ལམ་གཅིག་གི་ཐོག་ནས། གཙོད་ཁྲི་སྟོང་མང་པོ་གནའ་རབས་ནས་བཟུང་གི་གཙོད་ཕྲུག་བཙའ་སའི་ཕྱོགས་སུ་གནས་སྤོ་བ་དང་དེ་ནི་“གོ་ལ་ཧྲིལ་པོའི་ཆེས་བརྗིད་ཉམས་ལྡན་པའི་རྨིག་ལྡན་སྲོག་ཆགས་ཆེན་པོ་གསུམ་གྱི་གནས་སྤོ་ཆེན་པོའི་གྲས་ཤིག་ཡིན་པར་”གྲགས།

   གནས་སྤོའི་ལམ་དུ། གཙོད་དེ་དག་གིས་མཐའ་འཁོར་གྱི་སྤྱང་ཀི་དང་དྲེད་མོང་སོགས་གཅན་གཟན་ལ་དོགས་ཟོན་བྱེད་བཞིན་ཡོད། གཙོད་མང་པོ་རྐྱེན་ལམ་དུ་ཤོར་མེད་ཀྱང་དེ་བས་མང་པོ་ཞིག་བདེ་ཐང་དུ་དམིགས་སར་འབྱོར་ནས་རེ་འབྲས་གསར་པ་སྨིན་བཞིན་ཡོད།

    2024ལོའི་ཟླ་6ཚེས་5ཉིན། བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ཁྱབ་བསྒྲགས་བྱས་པའི་《2023ལོའི་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས་》ལས་མངོན་པར་གཞིགས་ན། བོད་ལྗོངས་སུ་གཙོད་ཀྱི་གྲངས་འབོར་ཁྲི་30ལྷག་ཙམ་བར་འཕེལ་ཡོད།