འཕར་ཚད་ཅུང་མགྱོགས་པའི་འཕེལ་ཕྱོགས་རྒྱུན་མཐུད་ཐུབ་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་20ཉིན། 10:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། ཟླ་བ་ལྔ་པར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་15%འཕར་ནས་འཕར་ཚད་ཅུང་མགྱོགས་པའི་འཕེལ་ཕྱོགས་རྒྱུན་མཐུད་ཐུབ་ཡོད། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་11.2%འཕར་བ་དང་ཁེ་ལས་ཀྱིས་ཉོ་སྒྲུབ་བྱས་པའི་གྲངས་འཛིན་ལག་རྩལ་དངུལ་འབོར་དུས་མཚུངས་ལས་10.9%འཕར་ནས་གྲངས་དངོས་དཔལ་འབྱོར་མཉམ་འདྲེས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད། བཟོ་ལས་འཕྲུལ་མི་བཟོ་སྐྲུན་དང་དམིགས་བསལ་ལས་སྒྲུབ་འཕྲུལ་མི་བཟོ་སྐྲུན་གྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་13.2%དང་28.3%སོ་སོར་འཕར་བ་དང་། “མི་ཐབས་རིག་ནུས+”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བར་གཟུགས་ལྡན་རིག་ནུས་སོགས་ཚོང་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
དངོས་ཚན་དཔལ་འབྱོར་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་ནས་བཟོ་སྐྲུན་ལས་རིགས་ཀྱི“གྲུ་རྡོའི”ནུས་པ་མངོན་གསལ་དོད་དུ་སོང་ཞིང་། ཟླ་བ་ལྔ་པར་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་ཀྱིས་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་བསྡུར་ཚད་ཀྱི་30.1%བཟུང་ནས་གཞི་རྩའི་ཆར་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་7.5%འཕར་བ་དང་ལྷག་པར་དུ་ལྕགས་ལམ་དང་། གྲུ་གཟིངས། དམངས་སྤྱོད་མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད་བཅས་ཀྱི་སྒྲིག་ཆས་དང་། རྩིས་འཁོར་འཕྲིན་གཏོང་སྒྲིག་ཆས། གློག་ཤུགས་འཕྲུལ་ཆས་ཡོ་བྱད་བཅས་ཀྱི་བཟོ་སྐྲུན་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་15.1%དང་། 13.1% 8.6%བཅས་སོ་སོར་འཕར་ནས་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད།
དམངས་གཉེར་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་ཕྱིར་ཚོང་འཕར་ཚད་རྒྱལ་ཡོངས་ལས་མགྱོགས་པ་ཡོད་ཅིང་། ཟླ་བ་ལྔ་པར་དམངས་གཉེར་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཁེ་ལས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.9མཐོ་བ་དེས་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ཁྲོད་བཟུང་བའི་བསྡུར་ཚད་72.3%ཟིན་ཡོད། དེའི་ནང་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་དམངས་གཉེར་ཁེ་ལས་ཀྱི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་ཁེ་ལས་ལས་བརྒྱ་ཆའི་གྲངས་1.3དང་0.7སོ་སོར་མཐོ་བ་ཡོད་པ་རེད།