འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་20ཉིན།

༄༅།།མཚོ་སྔོན་ས་ཁོངས་ནང་གི་གཙང་གསུམ་ཆུ་འགོའི་ཆུའི་སྤུས་ཚད་ཚང་མ་རིགས་Ⅱདང་དེ་ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་20ཉིན། 09:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འཚོགས་པའི《2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་རྒྱལ་ཁབ་ཀྱི་ཞིབ་དཔྱད་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ་ཁག་35ཡི་ཆུའི་སྤུས་ཚད་རིགས་Ⅲཟིན་པའམ་དེ་ལས་ལེགས་པའི་བསྡུར་ཚད་100%ཟིན་ཡོད། མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི“གཙང་གསུམ་ཆུ་འགོ”གནས་ས་ཡིན་པ་དང་། ཆུའི་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། ཆུ་བོ་གསུམ་གྱི་ཆུ་གཞུང་ཨ་མའི་ཆུའི་སྤུས་ཚད་རིགས་Ⅱཟིན་པའམ་ཡང་ན་དེ་ཡན་ཟིན་ཡོད། མིག་སྔར་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་599.15ཟིན་ཡོད།

    ན་ནིང་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་རྒྱུག་ཁོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་འཆར་འགོད་དང་དེ་བཞིན་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྒྲིག་དང་། འབྲི་ཆུའི་སྲུང་སྐྱོང་ཉམས་གསོའི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་ཇུས་གཞིའི་དུས་དཀྱིལ་གྱི་ཚོད་སྐོར་བྱས་ནས་ཞིབ་ཕྲའི་དམིགས་ཚད་ཀྱི་ལས་འགན་ཁག་དོན་འཁྱོལ་ཧུར་ཐག་བྱས་ཡོད། སྦུག་དྲའི་སྐྱོན་ཤོར་ས་དང་འདྲེས་སར་གྲལ་བཤེར་བྱས་ནས་ཕྱི་ཆུ་གཞན་དག་འདྲེས་པ་དང་བཙོག་ཆུ་ལུད་པའི་གནད་དོན་ལ་ཁ་གཏད་ནུས་ལྡན་བཅག་ཡོད། བཙོག་ཆུ་འབུད་སའི“ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་བྱེད་སྟངས”ཕྱོགས་ཡོངས་ནས་སྤེལ་ཏེ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་རྒྱུག་ཁོངས་ཀྱི་ཆུ་བོའི(མཚེའུ)བཙོག་ཆུ་འབུད་སའི་གྲལ་བཤེར་ལ་ཁུངས་འདེད་དང་དེ་བཞིན་ལོ་འཁོར་གྱི་བཅོས་སྒྲིག་ལས་འགན་ལེགས་སྒྲུབ་བྱས་ཡོད།

    གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་མི་ཐབས་ཀྱིས་ཉམས་གསོ་གཞོགས་འདེགས་སུ་བྱེད་པའི་བཅོས་སྒྲིག་བྱེད་སྟངས་མཐའ་འཁྱོངས་ཀྱིས། གཙོ་གནད་ལས་འགན་ལ་དམིགས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་མང་པོ་ལག་བསྟར་བྱས་ནས་སྐྱེ་ཁམས་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།