འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་18ཉིན།

༄༅།།ཀྲུང་གོའི་སྤྱི་དམངས་འདི་ནས་མགྱོཊ་མྱུར་ཕྱིར་འཐེན་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་18ཉིན། 15:35】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་6ཚེས་17ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

གསར་འགོད་པ་ཞིག་གིས། ཉེ་ཆར་དབྱི་སི་རལ་གྱིས་དབྱི་རན་ལ་འཇབ་རྒོལ་བྱས་པ་དང་འབྲེལ་དམག་དོན་གདོང་ཐུག་ཛ་དྲག་ཏུ་ཕྱིན་ནས་ས་གནས་དེ་གའི་མི་སྣར་བདེ་འཇགས་ཀྱི་འཇིགས་སྐུལ་ཚབས་ཆེན་འཕྲད་ཡོད། ཀྲུང་གོ་ཕྱོགས་ལ་དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་འཆར་གཞི་ཡོད་དམ་ཞེས་དྲིས།

གོ་ཅ་ཁུན་གྱིས། ཀྲུང་གོའི་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་མཐོང་ཧ་ཅང་ཆེན་པོར་བྱེད་ཀྱིན་ཡོད། དབྱི་རན་དང་དབྱི་སི་རལ་བར་གདོང་ཐུག་བྱུང་རྗེས། ཕྱི་འབྲེལ་པུའུ་དང་། དབྱི་རན་དང་དབྱི་སི་རལ་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་བ་དང་གཞུང་ཚབ་ཁང་གིས་འཕྲལ་མར་གཞུང་ཚབ་སྲུང་སྐྱོང་གི་འཕྲལ་བསྟུན་ལམ་སྲོལ་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིའི་བདེ་འཇགས་འགན་སྲུང་ཏན་ཏིག་བྱས་ནས། དུས་ཐོག་ཏུ་འབྲེལ་ཡོད་དྲན་སྐུལ་དང་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་ཏེ། ས་གནས་དེ་གའི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞི་དང་མུ་མཐུད་དུ་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཁོང་ཚོར་ཉམས་ཉེན་སྔོན་འགོག་དང་ཛ་དྲག་གི་ཉེན་གཡོལ་ལེགས་པོ་བྱེད་པར་མཛུབ་ཁྲིད་བྱེད་པ་མ་ཟད། ཕྱིར་འཐེན་བྱས་པའི་ཀྲུང་གོའི་སྤྱི་དམངས་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་དང་།

གོ་ཅ་ཁུན་གྱིས། ད་ཆ་ཀྲུང་གོའི་སྤྱི་དམངས་ཁག་ཅིག་བདེ་འཇགས་ངང་མཐའ་འཁོར་རྒྱལ་ཁབ་ཏུ་ཕྱིར་འཐེན་བྱས་ཡོད། ཕྱི་འབྲེལ་པུའུ་དང་འབྲེལ་ཡོད་གཞུང་ཚབ་ཆེན་མོ་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ནས། ཀྲུང་གོའི་སྤྱི་དམངས་མགྱོགས་མྱུར་ངང་ཕྱིར་འཐེན་སྒྲིག་འཛུགས་བྱེད་བཞིན་ཡོད། དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་གཞུང་ཚབ་ཁང་དང་འབྲེལ་གཏུག་གནང་རོགས། དོན་གཅོད་ཁང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར་12308བཏང་ཆོག་ཅེས་བཤད།