གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་18ཉིན། 09:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ནུབ་རྒྱུད་གནམ་ཐང་ཚོགས་པ་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས“ཁུན་འབྲུག”རྟགས་ཅན་AG600ཉེ་ཆར་ས་བབ་སྨི་2905.4ཟིན་པའི་ཧྭ་ཐའོ་ཀོའུ་གནམ་ཐང་དུ་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ་དེ་ཐོག་ནས་རྙོག་འཛིང་ཆེ་བའི་གནམ་གཤིས་དང་ས་མཐོ་ཡང་མཐོའི་འཁོར་སྐྱོད་ཁྱབ་ཁོངས་སུ་རང་རྒྱལ་གྱི་མཁའ་འགྲུལ་བཟོ་ལས་ལ་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་པ་དང་། ཁོར་ཡུག་ཧ་ཅང་ཞན་པའི་ཁྲོད་དུའང་AG600ལ་བྱེད་ནུས་ཁྱད་འཕགས་ལྡན་པ་ར་སྤྲོད་གང་ལེགས་ཐུབ་ཡོད།
རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས་ཤིག་ཡིན་པའི་AG600ལ་སྔོན་ཐོན་གྱི་ལག་རྩལ་མང་པོ་འདུས་ཡོད་པས། རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ལས་འགན་སྣ་ཚོགས་སྒྲུབ་ཐུབ་ཀྱི་ཡོད། དེས་ས་མཐོ་ཡང་མཐོའི་ཁོར་ཡུག་ཏུ་འཕུར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་ནས། དེའི་བཀོལ་སྤྱོད་ཁྱབ་ཁོངས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དང་ཐོན་ཁུངས་རྩད་ཞིབ་སོགས་ཁྱབ་ཁོངས་ཐད་སྒྲིག་ཆས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད།