ཕྱི་འབྲེལ་པུས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་18ཉིན། 09:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་གྱུར་པར་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་གྱི་ཁོངས་མི་དང་རོགས་ཟླའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ལག་གདང་སྦྲེལ་ནས་དེ་བས་ཕྱོགས་ཡོངས་དང་། དམ་ཟབ། དངོས་སྒྲུབ། ཁོང་ཡངས་བཅས་ཀྱི་རོགས་ཟླའི་འབྲེལ་བ་བཙུཌ་ཏེ། “འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཉིན་ཤས་གོང་འབོ་གསེར་གྱི་ཀྲུའུ་ཞིའི་རྒྱལ་ཁབ་པར་ཙིར་གྱིས་གསར་འགྱུར་སྤེལ་ནས་ཝེ་ཐེ་ནམ་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ལ་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ་ཞེས་དྲིས།
དེའི་ཐད་ཀུའོ་ཅ་ཁུན་གྱིས“ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་གྱུར་པར་དགའ་བསུ་ཞུ་གི་ཡིན། ཝེ་ཐེ་ནམ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཞུགས་པ་དེ་རང་ངོས་ཀྱི་འཕེལ་རྒྱས་ལ་ཕན་ཐོཌ་ཡོད་པ་ཞིག་རེད་ལ། འབོ་གསེར་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་དང་ཡང་མཐུན་པ་ཞིག་རེད། ཝེ་ཐེ་ནམ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ལམ་སྲོལ་ལ་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
འབོ་གསེར་ཁྱིམ་ཚང་ཆེན་པོར་རོགས་ཟླའི་རྒྱལ་ཁབ་གསར་པ་བྱུང་བ་དེ་ཐོག་ནས་འབོ་གསེར་ལམ་སྲོལ་གྱི་མཚོན་བྱེད་རང་བཞིན་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། སྐུལ་སློང་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ནུས་སྔར་བས་མངོན་གསལ་དོད་དུ་ཕྱིན་པའང་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་གྱི་ཁོངས་མི་གཞན་དག་དང་རོགས་ཟླའི་རྒྱལ་ཁབ་དང་མཉམ་དུ་ལག་གདང་སྦྲེལ་ནས་སྔར་བས་ཕྱོགས་ཡོངས་དང་། དམ་ཟབ། དངོས་སྒྲུབ། ཁོང་ཡངས་བཅས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ། “འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་། དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཆེད་དུ་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་ཀུའོ་ཅ་ཁུན་གྱིས་བརྗོད་པ་རེད།