འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་17ཉིན།

༄༅།།སྡོད་ཁང་ཐད་སྲིད་ཇུས་གསར་པ་ཞིག་བཏོན་འདུག  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་17ཉིན། 14:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉེ་ཆར།《ཀོང་ཀྲོའུ་གྲོང་ཁྱེར་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞིའི(བསམ་འཆར་བསྡུ་ལེན་མ་ཟིན)》ནང་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད། དེའི་ནང་འཛད་སྤྱོད་ཀྱི་ཚོད་འཛིན་གོ་རིམ་ལྡན་པའི་སྒོ་ནས་ཉུང་དུ་གཏོང་དགོས་པ་དང་། ས་ཁང་བདག་ཁོངས་སྲིད་ཇུས་ལེགས་སུ་བཏང་ནས་ཉོ་སྒྲུབ་ཚོད་འཛིན་དང་། ཕྱིར་ཚོང་ཚོད་འཛིན། རིན་གོང་ཚོད་འཛིན་བཅས་ཕྱོགས་ཡོངས་ནས་མེད་པར་བཟོས་ནས། དངུལ་བུན་ཐོག་མར་སྤྲོད་པའི་བསྡུར་ཚད་དང་སྐྱེད་ཚད་དམའ་རུ་གཏོང་དགོས་ཞེས་འཁོད་ཡོད་པ་རེད།

སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས། གྲོང་ཁྱེར་ནང་གི་གྲོང་ཚོ་དང་དེ་བཞིན་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། 2025ལོར་གསར་དུ་གཞིས་ཁུལ་རྙིང་པ་150ལྷག་ཙམ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྡོད་ཁང་གི་གློག་སྐས་རྙིང་པ་9000ལྷག་ཙམ་གསར་བརྗེས་བྱེད་པ། གྲོང་ཁྱེར་ནང་གི་གྲོང་ཚོ་བསྒྱུར་བཀོད་བྱེད་པའི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་1000ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

ཆེད་དོན་དངུལ་བུན་སྤྱད་དེ་གསོག་ཉར་ཚོང་ཟོག་སྡོད་ཁང་ཉོས་ནས་བཀོད་སྒྲིག་ཁང་པར་བརྩི་རྒྱུར་སྐུལ་འདེད་གཏོང་དགོས། སྡོད་ཁང་གི་སྤྱི་གསོག་མ་དངུལ་བེད་སྤྱོད་སྲིད་ཇུས་མུ་མཐུད་ལེགས་སུ་གཏོང་བ་དང་། དངུལ་བཅོལ་མཁན་གྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་ནས་ཁང་པ་ཉོ་བའི་ཐོག་མའི་དངུལ་སྤྲོད་བྱེད་པ་དང་ཆབས་ཅིག སྡོད་ཁང་གི་སྤྱི་གསོག་མ་དངུལ་མི་སྒེར་གྱི་སྡོད་ཁང་དངུལ་བུན་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁང་པ་བོགས་མར་ལེན་པའི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་ལེགས་སུ་གཏོང་དགོས།