འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་17ཉིན།

༄༅།།ཐེ་རོན་ཕུ་ཡིས་བཀག་སྡོམ་འདི་ཕྱིར་འགྱངས་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་17ཉིན། 14:55】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཚེས་16ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཨ་རིས་ཨུ་རུ་སུར་བཀག་སྡོམ་བྱེད་པ་གནས་སྐབས་ཕྱིར་འགྱངས་བྱས་ནས་གྲོས་མཐུན་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

ཚེས་16ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས། ཨ་རི་ཕྱོགས་ཀྱིས་གྲོས་འགོ་བཏོན་པ་ལྟར། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད“ཧོར་རྒྱུག་གི་རྒྱུ་རྐྱེན”མེད་པར་བཟོ་བ་དང་། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་ཕོ་ཉ་ཚོགས་པའི་བྱེད་སྒོ་རྒྱུན་ལྡན་ཅན་དུ་འགྱུར་བ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་པོའི་གྲོས་མོལ་རེས་སྐོར་གསར་པ་མེད་པར་བཟོས་ཟིན་ཞེས་བཤད་པ་རེད། ཁོང་གིས“མཚམས་འཇོག”དེ་ཡུན་རིང་རྒྱུན་འཁྱོངས་མི་བྱེད་པའི་རེ་བ་ཡོད་ཅེས་བཤད་པ་རེད།