འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་17ཉིན།

༄༅།།དྲག་ཆར་འབབ་རྒྱུའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་17ཉིན། 14:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་6ཚེས་17ཉིན་གྱི་ཆུ་ཚོད་06པའི་ཐོག་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་མུ་མཐུད་ཁྱབ་བསྒྲགས་བྱས།

སྔོན་དཔག་བྱས་ན། ཟླ་6ཚེས་17ཉིན་གྱི་ཆུ་ཚོད་08ནས་ཚེས་18ཉིན་གྱི་ཆུ་ཚོད་08བར། ཀོང་ཏུང་གི་ས་ཁུལ་མང་ཆེ་བ་དང་། ཀོང་ཞིའི་དབུས་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཀོང་ཏུང་གི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དང་། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་དང་སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ཞིང་། ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ(ཧོ་སྨི་250ནས་400བར།)འབབ་རྒྱུ་རེད། གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་ནང་ཆར་ཆུ་དྲག་པོ་འབབ་རྒྱུ་རེད།(དུས་ཚོད་རེར་ཆར་ཆུ་འབབ་ཚད་ཆེ་ཤོས་ཧོ་སྨི་20ནས་50ཡོད་པ་དང་། ས་ཆ་ཁག་ཅིག་ཏུ་ཧོ་སྨི་70ལས་བརྒལ་སྲིད།) ས་ཆ་ཁ་ཤས་སུ་འབྲུག་གྲགས་པ་དང་ལྷགས་པ་ཆེན་པོ་རྒྱག་པ་སོགས་གཏད་རྒྱུག་གནམ་གཤིས་དྲག་པོ་ཡོད།