འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་17ཉིན།

༄༅།།རང་རྒྱལ་དུ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་10གསར་དུ་གཏན་འཁེལ་བྱས་པ།

གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་65ཞིབ་དཔྱད་གཏན་འཁེལ་བྱས་པ་དེ་དག་ཞིང་ཆེན་21ཏུ་ཁྱབ་ཡོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་17ཉིན། 13:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་14ཉིན་ནི་2025ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་རེད། ཉིན་དེར་གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁག་གསར་པའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་ཞིབ་དཔྱད་གཏན་འཁེལ་ལས་དོན་ལེགས་གྲུབ་ཟིན་པ་དང་ཚན་པ་10རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་གི་མིང་ཐོའི་ནང་བཅུག་ཡོད་ཅིང་། རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་65ཞིབ་དཔྱད་གཏན་འཁེལ་བྱས་པ་དེ་དག་ཞིང་ཆེན་21ཏུ་ཁྱབ་ཡོད་པ་རེད།

གསར་དུ་ཞིབ་དཔྱད་གཏན་འཁེལ་བྱས་པའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་10ནི། ཧྲན་ཤིས་ཞིང་ཆེན་ཐའོ་དགོན་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་དང་། ནང་སོག་རང་སྐྱོང་ལྗོངས་ས་ལཱ་ཝུའུ་སུའུ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། ནང་སོག་རང་སྐྱོང་ལྗོངས་ཧོ་ལིན་ཀེར་ཐུའུ་ཁྲེང་ཙི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། ཀྲེ་ཅང་ཞིང་ཆེན་ཧྲང་ཧྲན་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། ཨན་ཧུའེ་ཞིང་ཆེན་ཧྲོང་ཏུན་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། ཧྲན་ཏུང་ཞིང་ཆེན་ཏ་ཝུན་ཁོའུ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། ཧོ་ནན་ཞིང་ཆེན་ཏ་ཧོ་གྲོང་ཚོའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། ཧུའུ་པེ་ཞིང་ཆེན་ཐུང་ལུའུ་ཧྲན་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། སི་ཁྲོན་ཞིང་ཆེན་པའོ་ཏུན་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་། ཧྲའན་ཤིས་ཞིང་ཆེན་ཆིན་ཞན་དབྱང་གྲོང་ཁྱེར་ཞན་དབྱང་ཕོ་བྲང་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་བཅས་རེད།

གསར་དུ་ཞིབ་དཔྱད་གཏན་འཁེལ་བྱས་པའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་དེ་དག་གིས་ཕྱོགས་མི་འདྲ་བའི་ཐོག་ནས་མིའི་རིགས་ཀྱི་འབྱུང་ཁུངས་དང་། ཞིང་ལས་ཀྱི་འབྱུང་ཁུངས། ཤེས་དཔལ་གྱི་འབྱུང་ཁུངས་བཅས་དང་སྔ་དུས་ཀྱི་རྒྱལ་རབས་རྒྱལ་ཁབ་ཆགས་ཚུལ་དང་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་གི་རྣམ་པ་ཆགས་པའི་འཕེལ་རྒྱས་བརྒྱུད་རིམ་མངོན་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་རིག་གནས་རིན་ཐང་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དོན་གཉེར་མངོན་གསལ་དོད་པོས་མཚོན་ཡོད། རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་སྤྱི་གླིང་10པོ་དེ་དག་རྗེས་ཤུལ་གཞི་མ་དང་། ལོ་རྒྱུས་ཀྱི་ཁོར་ཡུག རིག་གནས་ཀྱི་ཁོར་ཡུག་བཅས་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་ཐུབ་པ་དང་ཆབས་ཅིག འགྲེམས་སྟོན་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ནས་ཆུ་ཚད་མཐོ་བའི་འགྲེམས་སྟོན་སྤེལ་ཏེ། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་བྱེད་སྒོ་དང་། རིག་གཞུང་བྱེད་སྒོ སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་གཉེར་བ་རེད།

(ལྷག་ཚེས་བསྒྱུར། བསྟན་བཟང་གིས་ཞུས)