འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་17ཉིན།

༄༅།།ཀྲུང་གོའི་ཚན་རིག་མཁས་ཅན་ཝང་ཞའོ་ཡུན་ལ“འཛམ་གླིང་གི་ཕུལ་བྱུང་བུད་མེད་ཚན་རིག་མཁས་ཅན་གྱི་བྱ་དགའ”ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་17ཉིན། 09:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་2025ལོའི“ཨོའུ་ལའེ་ཡ—མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་གི་ཕུལ་བྱུང་བུད་མེད་ཚན་རིག་མཁས་ཅན་གྱི་བྱ་དགའ”སྤྲོད་པའི་མཛད་སྒོ་གྲོང་ཁྱེར་ཕ་རི་སིར་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཆིང་ཧྭ་སློབ་ཆེན་མཐོ་རིམ་ཞིབ་འཇུག་ཁང“ཡང་ཀྲེན་ཉིང་གི་འཆད་ཁྲིད”ཀྱི་དགེ་རྒན་ཆེ་མོ་བ་ཝང་ཞའོ་ཡུན་སོགས་གོ་ལ་ཧྲིལ་པོའི་བུད་མེད་ཚན་རིག་མཁས་ཅན་5ལ་ལོ་འཁོར་འདིའི་བྱ་དགའ་སྤྲད་ནས། ཁོང་ཚོས་ཉེར་སྤྱོད་རྩིས་རིག་དང་། དངོས་ཁམས་རིག་པ། རྫས་འགྱུར་དབྱེ་ཞིབ་རིག་པ་སོགས་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་རེད། བྱ་དགའ་དེ་བཙུགས་ཚུན། ཀྲུང་གོའི་བུད་མེད་ཚན་རིག་མཁས་ཅན་9ལ་བྱ་དགའ་དེ་ཐོབ་པ་རེད།