འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་15ཉིན།

༄༅།།ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་ཡིན་པ།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བཏབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་15ཉིན། 12:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་13ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁྱབ་བསྒྲགས་བྱས་དོན། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་6ཚེས་16ནས་18ཉིན་བར་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་6ཚེས་16ནས་18ཉིན་བར། ཧ་སག་སི་ཐན་གྱི་གྲོང་ཁྱེར་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་རེད། ཚེས་13ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་བྱས་འདུག ད་ཐེངས་ཀྱི་འཚམས་འདྲིའི་བཀོད་སྒྲིག་གཙོ་བོ་དང་ཀྲུང་གོ་ཕྱོགས་ཀྱི་རེ་སྒུག་ངོ་སྤྲོད་བྱས་ན་འགྲིག་གི་རེད་དམ་ཞེས་དྲིས།

ལིན་ཅན་གྱིས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་བཙུགས་པ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས་མགྲིན་གཅིག་ཏུ་གཏན་འབེབས་བྱས་པ་ཞིག་རེད། དེ་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་ཕྱོགས་ཁག་གི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། 2023ལོའི་ཟླ་5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་ལེགས་གྲུབ་ལྡན་པའི་ངང་གཙོ་སྐྱོང་གནང་བས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འབྲེལ་བ་དུས་རབས་གསར་པར་སླེབས་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ། ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་པ་བསྣན་པ་བཅས་ལས་རྒྱལ་ཁབ་ཁག་གི་མི་སེར་ལ་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བྱུང་བ་དང་ཕན་པ་ཐོབ་ཡོད་ཅེས་བརྗོད་པ་རེད།

ཁོང་གིས། ད་ཐེངས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་དེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ་ཐེངས་དང་པོ་འཚོག་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་སྟེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཚོགས་ཞུགས་འགོ་ཁྲིད་པ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། སྒྲོམ་གཞིའི་ནང་གི་གཉིས་ཕན་མཉམ་ལས། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་སོགས་ལ་གཞིགས་ནས་དགོངས་འཆར་བརྗེ་རེས་གནང་རྒྱུ་དང་ཆབས་ཅིག འབྲེལ་ཡོད་བྱེད་སྒོར་ལྷན་དུ་ཞུགས་རྒྱུ་རེད། དབུ་ཚོགས་འཚོག་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཁག་སོ་སོར་ཞལ་འཛོམས་གནང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་འབྲེལ་བ་འཕེལ་རྒྱས་སྐོར་ལ་རྩེ་རིམ་ཇུས་འགོད་གནང་རྒྱུ་རེད་ཅེས་བརྗོད་པ་རེད།

ལིན་ཅན་གྱིས། “ཐེངས་འདིའི་དབུ་ཚོགས་བརྒྱུད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དྲང་ནུས་དེ་བས་མང་པོ་སྦྱིན་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)