འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་13ཉིན།

༄༅།།གནམ་གྲུའི་དོན་རྐྱེན་ཁྲོད་མི་265ཤི་བ་དང་མི་1གསོན་ཡོད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་13ཉིན། 15:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་12ཉིན། པོ་དབྱིན་787འགྲུལ་སྐྱེལ་གནམ་གྲུ་ཞིག་རྒྱ་གར་ཀུའུ་ཅི་ལ་ཐེ་པང་ཨའེ་ཧ་མའེ་ཏ་པ་ཏེ་གནམ་ཐང་དུ་ལྷུང་བ་དང་། གནམ་གྲུའི་ནང་མི་242བསྡད་ཡོད་པ་རེད། རྒྱ་གར་མཁའ་འགྲུལ་གྱིས་བདེན་དཔང་བྱས་པ་ལྟར་ན། གནམ་གྲུའི་དོན་རྐྱེན་ཁྲོད་མི་241རྐྱེན་ལམ་དུ་ཤོར་བ་དང་མི་1སྲོག་ཉེན་ལས་ཐར་ཡོད།

གཞན་ཡང་། པེ་ཅིང་གི་དུས་ཚོད་ཚེས་13ཉིན་གྱི་ཐོ་རེངས་སུ། རྒྱ་གར་དམངས་སྤྱོད་མཁའ་འགྲུལ་པུའུ་ཡིས་ཐེངས་འདིའི་དོན་རྐྱེན་གྱི་ཡུལ་དངོས་འཚོལ་སྐྱོབ་བྱ་སྤྱོད་མཇུག་བསྒྲིལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། གནམ་གྲུའི་ནང་གི་མི་སྣ་ཕུད། དོན་རྐྱེན་དེས་ད་དུང་ས་ངོས་ཀྱི་མི་སྣ་ཤི་རྨས་བཟོས་ཡོད། ཀུའུ་ཅི་ལ་ཐེ་པང་གི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས། དོན་རྐྱེན་བྱུང་རྗེས་ཉུང་མཐར་ཡང་ས་ངོས་ཀྱི་མི་སྣ་50སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཡོད་ཅེས་བཤད་པ་རེད། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ཐེངས་ཀྱི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་265རྐྱེན་ལམ་དུ་ཤོར་བ་རེད།