གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་13ཉིན། 15:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་10ཉིན་གྱི་ཆུ་ཚོད་17པ་བར། རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་2.6བསྡུས་པ་དང་བསྡུ་ཚད་74.72%ཟིན་ཡོད། ཉིན་དེ་རང་ལ་མུའུ་ཁྲི་1380བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཁྲི་19.66སྤྱད་ཡོད། ས་གནས་ཁག་ནས་བལྟས་ཚེ། མིག་སྔར། ཅང་སུའུ་རུ་གྲོ་བསྡུ་མཇུག་འགྲིལ་གྲབས་ཡོད་པ་དང་། ཧྲའན་ཤིས་སུ་བསྡུ་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་པ། ཧྲན་ཤིས་སུ་བསྡུ་ཚད་བཅུ་ཆ་དྲུག་ཙམ་ཟིན་པ། ཧྲན་ཏུང་དུ་བསྡུ་ཚད་བཅུ་ཆ་དྲུག་ཙམ་ཟིན་པ། ཧོ་པེར་བསྡུ་ཚད་བཅུ་ཆ་2.5ལྷག་ཙམ་ཟིན་ཡོད་པ་རེད།