གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་13ཉིན། 13:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པས་ཀྲུང་གོ་ཚན་རིག་གླིང་གི་ནན་ཅིང་ས་གཤིས་དང་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ཁང་དེས་སྣེ་ཁྲིད་པའི་རྒྱལ་སྤྱིའི་གནའ་བོའི་སྐྱེ་དངོས་ཚོགས་པས་ཉེ་ཆར་ཧ་ལམ་ལོ་ངོ་དུང་ཕྱུར་གཅིག་གོང་གི་འབར་མའི་ཁེ་ཆིན་སྤོས་ཤེལ་ནང་ནས་འབུ་སྲིན་གྱི་ལུས་སྟེང་དུ་སྐུད་སྲིན་རྩྭའི་འགྱུར་རྡོ་གཉིས་རྙེད། གསར་རྙེད་གསར་པ་འདིས་རྣལ་སྲིན་དང་འབུ་སྲིན་མཉམ་སྡེབ་ངང་འཕེལ་འགྱུར་བྱུང་བའི་སྐོར་འཚོལ་ཞིབ་བྱེད་པར་དཔང་རྟགས་གལ་ཆེན་འདོན་སྤྲོད་བྱས་ཡོད། གཞན་ཡང་། ཞིབ་འཇུག་འདིས་ད་དུང་སྐུད་སྲིན་རྩྭའི་དུས་ཚོད་དེ་སྔོན་གྱི་ཞིབ་འཇུག་ལས་ལོ་ངོ་ཁྲི་3000ཙམ་སྔ་སྣུར་བྱས་ཡོད།
ཚན་རིག་ཞིབ་འཇུག་མི་སྣས་ད་དུང་ད་ལྟར་སྐྱེས་པའི་སྐུད་སྲིན་རྩྭ་120ཡི་རྒྱུད་རྒྱུའི་གཞི་གྲངས་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་མ་ཟད། འགྱུར་རྡོ་གསར་པ་གཉིས་དག་བཅོས་བྱ་ཡུལ་དུ་བྱས་ནས་སྐུད་སྲིན་རྩྭ་ནང་ཁུལ་གྱི་ཁྱུ་ཚོགས་སྣ་ཚོགས་ཀྱི་མ་ལག་སྐྱེ་འཕེལ་གྱི་འབྲེལ་བ་བསྐྱར་སྐྲུན་བྱས་ནས་དེ་བྱུང་བའི་དུས་ཚོད་ལ་དག་བཅོས་བྱས། ཞིབ་འཇུག་གི་མཇུག་འབྲས་ལས་མངོན་པ་ལྟར་ན། སྐུད་སྲིན་རྩྭའི་དུས་ཚོད་ནི་ད་ལྟའི་བར་ལོ་དུང་ཕྱུར་1.3ཡས་མས་ཀྱི་དཀར་རག་དུས་སྐབས་ཀྱི་ཐོག་མའི་དུས་ཡིན་པས། དེ་སྔོན་གྱི་ཞིབ་འཇུག་ལས་ལོ་ཁྲི་3000ཙམ་སྔ་སྣུར་བྱས་ཡོད་ཅེས་ཝང་པོ་ཡིས་བཤད།
འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ་ཟླ་བ་6པའི་ཚེས་11ཉིན་དྲ་ཐོག་ནས་དབྱིན་ཇིའི《གོང་མ་ཚང་སློབ་ཚོགས་ཀྱི་སྐྱེ་དངོས་རིག་པའི་ཡན་ལག་ཚོགས་པའི་རིག་གཞུང་ཚགས་པར》(Proceedings of the Royal Society B:Biological Sciences)ཐོག་སྤེལ་ཡོད།