འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་13ཉིན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གི་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་གནད་དོན་བཅོས་སྒྲིག་བྱས་ནས།

༄༅།།མང་ཚོགས་ཀྱི་གླ་ཆའི་ཐད་ཀྱི་སེམས་ཁྲལ་ནུས་ཤུགས་ཡོད་རྒུས་བསལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་13ཉིན། 10:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་། གནད་དོན་འཚོལ་བཤེར། དག་ཐེར་བཅོས་སྒྲིག་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད་ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་དང་སྤྱི་འདོམས་མཐུན་སྦྱོར་བྱས་ནས། སྲིད་གཞུང་གི་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གོང་འོག་མཉམ་འགུལ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་བཀོད་པར་བརྟེན་ནས་མང་ཚོགས་ཀྱི་གླ་ཆའི་ཐད་ཀྱི་སེམས་ཁྲལ་ཧུར་ཐག་བསལ་བ་རེད། ཟླ་5པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་ཀྱི་ཁུངས་སྣེ་ཁག་528ཐག་གཅོད་བྱེད་མཇུག་འགྲིལ་ནས། ངལ་རྩོལ་པ་4719ལ་གླ་ཆ་སྒོར་ཁྲི་7309.34འདེད་ལེན་བྱས་པ་རེད།

     མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་བཅོས་རྒྱུ་དེ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཏེ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་བཅོས་པ་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཐག་གཅོད་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་མ་ཟད་བླང་བྱ་བཏོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ལས་བགོས་དོ་དམ་འགོ་ཁྲིད་ཀྱིས་དུས་བཀག་ལྟར་གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་བྱས་ནས་རུ་སྣེ་ཁྲིད་དེ་གྲོང་ཁྱེར་དང་ཀྲོའུ་བརྒྱད་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིག་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་དུས་བཀག་ལྟར་དག་ཐེར་གནད་སྨིན་ཐུབ་པའི་འགན་ལེན་བྱས་ཤིང་། འབྲེལ་ཡོད་ལས་ཀའི་ཇུས་གཞི་དུས་ཐོག་ཏུ་བཟོ་བ་དང་བཀྲམ་ནས་བྱེད་ཐབས་ཞིབ་ཚགས་སུ་དང་། ལས་བགོས་ཁ་གསལ། འགན་འཁྲི་ནན་དཀྲིས་བཅས་བྱས་པས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་གི་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཐུབ་ཡོད།