གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་12ཉིན། 15:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་11ཉིན། སྨི་ཧ་དབྱི་ལོ·ཏེ་ལ་ཕ་ཐེ་ཡིས་སྐམ་དམག་གི་དམག་སྤྱིའི་གོ་གནས་ཀྱི་འགན་མི་འཁུར་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
ཟླ་6ཚེས་3ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཉིན་དེའི་དགོང་མོའི་རྒྱུན་ལྡན་གྱི་གཏམ་བཤད་གནང་སྐབས། སྨི་ཧ་དབྱི་ལོ·ཏེ་ལ་ཕ་ཐེ་མཉམ་འབྲེལ་དཔུང་སྡེའི་དམག་སྤྱི་ལ་བསྐོ་གཞག་བྱས་ཡོད་པས། གཡུལ་སའི་ལས་དོན་ཐག་གཅོད་བྱེད་བདེ་ཆེད། འཐབ་འཛིང་གི་གནད་དོན་ལ་བློ་རྩེ་གཅིག་ཏུ་གཞོལ་རྒྱུ་རེད་ཅེས་བཤད།