འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།སྒོར་ཁྲི་ཟིན་པའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་4.4%ཆག་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་12ཉིན། 10:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆུ་བེད་པུའུ་ཡིས་2024ལོའི《ཀྲུང་གོའི་ཆུའི་ཐོན་ཁུངས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ནང་མངོན་པར། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། རང་རྒྱལ་གྱི་སྒོར་ཁྲི་ཟིན་པའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་དང་སྒོར་ཁྲི་ཟིན་པའི་བཟོ་ལས་འཕར་ཐང་གི་ཆུ་སྤྱོད་ཚད་དུས་མཚུངས་ལས་4.4%དང་5.3%སོ་སོར་ཆག་ནས་ཆུ་སྤྱོད་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

སྤྱི་བསྒྲགས་ཀྱི་གྲངས་གཞིར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཕྱོགས་བསྡུས་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་421ཟིན་པ་དང་། སྒོར་ཁྲི་ཟིན་པའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་43.9ཟིན་ཡོད། ཞིང་ཆུ་འདྲེན་པར་མུའུ་རེར་ཆ་སྙོམས་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་342ཟིན་པ་དང་། ཞིང་ཆུ་ནུས་ལྡན་སྤྱད་པའི་བཏགས་གྲངས་0.580ཟིན་པ། སྒོར་ཁྲི་ཟིན་པའི་བཟོ་ལས་འཕར་ཐང་གི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་24.0ཟིན་པ་བཅས་རེད།

2024ལོའི་རྒྱལ་ཡོངས་ཀྱི་ཆར་ཆུ་འབབ་ཚད་དང་ཆུའི་ཐོན་ཁུངས་བསྡོམས་འབོར་ལོ་མང་གི་ཆ་སྙོམས་གྲངས་གཞི་ལས་མངོན་གསལ་དོད་པོས་མང་བ་ཡོད་པ་སྟེ། རྒྱལ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་717.7ཟིན་པ་དེ་ལོ་མང་གི་ཆ་སྙོམས་གྲངས་གཞི་ལས་11.4%ཡིས་ཅུང་མང་བ་དང་། རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་31123.0ཟིན་པ་དེ་ལོ་མང་གི་ཆ་སྙོམས་གྲངས་གཞི་ལས་12.7%གྱིས་ཅུང་མང་བ་ཡོད་པ་རེད། 2024ལོར་རྒྱལ་ཡོངས་ཀྱི་ཆུ་སྤྱོད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5928.0ཟིན་པ་དེ་2023ལོ་དང་བསྡུར་ན་ཆུ་སྤྱོད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་21.5འཕར་ཡོད་པ་རེད།