འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།ཟི་ལིང་གསར་སྤེལ་ཁུལ་གྱིས།ཉིང་ཏེ་དུས་རབས་དང་མཉམ་ལས་བྱས་ཏེ་མ་རྩ་འཇོག་ཚད་མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་12ཉིན། 10:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5པར་ཟི་ལིང་གསར་སྤེལ་ཁུལ་དང་ཉིང་ཏེ་དུས་རབས་དབར་མཉམ་ལས་གལ་ཆེན་ཞིག་བྱས་པ་ནི་ཉིང་ཏེ་དུས་རབས་ཀྱིས་མཚོ་སྔོན་དུས་རབས་ནུས་རྒྱུ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སིའི་ད་ཡོད་རྣམ་གྲངས་ཀྱི་རྨང་གཞིའི་ཐོག མ་རྩ་སྒོར་དུང་ཕྱུར་5བཞག་པ་རེད། རྣམ་གྲངས་2025ལོའི་ཟླ་7པར་ལས་འགོ་བཙུགས་ཏེ་2026ལོའི་ཟླ་5པར་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་དང་། སྔོན་དཔག་བྱས་ན་ལས་ཞུགས་ལས་གནས་500ལྷག་ཙམ་མཁོ་འདོན་ཐུབ་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་སྐྲུན་ཟིན་རྗེས། མཚོ་སྔོན་གྱི་དུས་རབས་བཟོ་རྩལ་འཁོར་འབྲེལ་འཐུས་སྒོ་ཚང་པོ་མེད་པ་དང་གློག་རྫས་སྲབ་ལེབ་ཕྱི་ཕྱོགས་ནས་ལས་སྣོན་བྱས་ཏེ་སྐྱེལ་འདྲེན་བྱེད་དགོས་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་མ་ཟད། ཐོན་ནུས་ཕྱིར་གཏོང་སྔར་ལས་ལྷག་པའི་སྒོ་ནས་བརྟན་པོ་དང་ཐོན་སྐྱེད་མ་གནས་དམའ་རུ་འགྲོ་རྒྱུ་རེད། རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ཏེ་རྒྱལ་ཡོངས་ཀྱི་ལིས་གློག་ཐོན་ལས་ཆགས་ཚུལ་ཁྲོད་ཀྱི་ཟི་ལིང་གི་གནས་བབ་གལ་ཆེན་སྔར་བས་སྲ་བརྟན་དུ་སོང་ནས་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་ཐུབ།

    རྣམ་གྲངས་ལ་སྐུལ་སྤེལ་བདེ་བླག་ཐུབ་པའི་འགན་ལེན་བྱ་ཆེད། ཟི་ལིང་གསར་སྤེལ་ཁུལ་གྱིས“རྒྱུན་འཁོར་ཧྲིལ་པོར་གཡས་གཞོཌ་གཡོན་འདེགས”བྱེད་པའི་ཐབས་ལམ་སྤྱོད་འགོ་བཙུགས་ཤིང་། ཆེད་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་ཏེ། རྣམ་གྲངས་གསར་འཛུཌ་དང་། ནུས་རྒྱུ་ཚོད་སྐོར། ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་བཅས་ནས་འཆར་འགོད་ཞིབ་མཆན་བཀོད་པའི་བར། དུས་འགོའི་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ཧྲིལ་པོར་དམ་པོར་དམིགས་པ་དང་། ཁེ་ལས་ལ་རམ་འདེགས་ཧུར་ཐག་བྱས་ནས་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་བཟོས་པ་དང་ཐོ་འགོད་དང་ནུས་རྒྱུ་ཚོད་སྐོར་མཆན་འགོད་བཀའ་ལན་གྱི་ལས་དོན་ནུས་ཕྱོད་ཆེན་པོས་ལེགས་པར་བསྒྲུབས་པ། དུས་རབས་རྣམ་གྲངས་ཆེད་སྒྲུབ་ཚོགས་ཆུང་གིས་རང་འགུལ་ངང་འཐབ་ས་དང་པོར་ཞབས་འདེགས་ཞུ་བ་དང་ཁེ་ལས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་འཁེལ་བྱས་ཏེ། རྣམ་གྲངས་སྐུལ་སྤེལ་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ། ཆུ་གློག་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་སྤྱི་འདོམས་མཐུན་སྦྱོར་བྱས་ཤིང་། ཁོར་ཡུག་གི་ཤུགས་རྐྱེན་ལ་གདེང་འཇོག་དང་བདེ་འཇགས་གདེང་འཇོག་གི་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ཧྲིལ་པོར་རྗེས་བསྙེགས་ནས་རྣམ་གྲངས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།