གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་12ཉིན། 10:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་9ཉིན། མཚོ་སྔོན་ཞིང་ཆེན་གྱི་2024ལོའི་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་སྦྱོང་བརྡར་ལ་བསྐྱོད་པའི་ལས་དོན་ཕྱོགས་སྡོམ་ཚོགས་འདུ་དང་2025ལོའི་སློབ་སྦྱོང་དང་སྦྱོང་བརྡར་ལ་སྐྱོད་མཁན་སློབ་མ་མ་ཐོན་གོང་གི་གསོ་སྦྱོང་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། འདི་ལོ་ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་དང་། ཐོན་ལས་ཀྱི“གནས་བཞི”འཛུཌ་རྒྱུ། ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་གཙོ་བོར་དམིགས་ནས། ཕུལ་བྱུང་གཞོན་དར་ཆེད་ལས་ལག་རྩལ་ཤེས་ལྡན་པ་40ཅང་སུའུ་ཞིང་ཆེན་གྱི་ཁེ་ལས་དང་བྱ་གཞག་ཚན་པར་དུས་ཡུན་ལོ་གཅིག་གི་སློབ་སྦྱོང་དང་སྦྱོང་བརྡར་ལ་མངགས་ཤིང་། ད་ཐེངས་ཀྱི་མི་གྲངས་དེ་སྔའི་རྨང་གཞིའི་ཐོག་ལྡབ་འཕར་བྱུང་ཡོད།
ཕུལ་བྱུང་གཞོན་དར་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་སྦྱོང་བརྡར་ལ་མངགས་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་རྒྱ་སྐྱེད་དང་། གསར་གཏོད་ཀྱི་སྟོབས་ཤུཌ་གསར་པ་སྐྱེད་སྲིང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་འཇུར་མིག་སེལ་བ་བཅས་ཀྱི་གལ་ཆེའི་དམ་འཛིན་བྱ་གཞི་ཞིག་རེད། 2022ལོའི་ཚུན་དུ། མཚོ་སྔོན་གྱིས་སྔ་རྗེས་སུ་ཕུལ་བྱུང་གཞོན་དར་ཆེད་ལས་ལག་རྩལ་ཤེས་ལྡན་པ་60ཁག་གསུམ་དུ་བགོས་ནས་ཅང་སུའུ་ཞིང་ཆེན་དུ་སྦྱོང་བརྡར་དང་སློབ་སྦྱོང་ལ་མངགས་ཤིང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཕྱི་ཕྱོགས་སྤེལ་རེས་ལས་སྟེཌ་འཛུགས་པ། ཐོན་ལས་ལག་རྩལ་གྱི་དཀའ་གནད་སེལ་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་སྦྱོང་དང་སྦྱོང་བརྡར་གྱི་ལས་འགན་མཇུག་འགྲིལ་མ་ཐག་པའི་ཁག་གསུམ་པའི་སློབ་མ་20ཡིས་སློབ་སྦྱོང་དང་སྦྱོང་བརྡར་རིང་། དཔྱད་རྩོམ་སྤེལ་བ་དང་། ཁེ་བེད་བརྩོན་ལེན། རྣམ་གྲངས་རེ་ཞུ། འཇུར་མིག་བསལ་བ། ལག་རྩལ་སློབ་སྦྱོང་བཅས་བྱས་ཤིང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས་22གཙོ་སྐྱོང་དང་དེའི་ནང་ཞུགས་པ་དང་། བརྩམས་ཆོས་3གྱི་རྩོམ་སྒྲིག་ལ་ཞུགས་པ། རིག་གཞུང་དཔྱད་རྩོམ་40ལྷག་ཙམ་སྤེལ་བ། གསར་གཏོད་ཀྱི་ཁེ་བེད་10རེ་ཞུ་བྱས་པ། ལག་རྩལ་ཚད་གཞི་2བཟོས་པ། བྱ་དགའ་ཁག་16ཐོབ་པ་བཅས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།