འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ཚེ་གཞི་ནས་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ།

སུའུ་ལཱ་པུའུ·ཀུའུ་ཕུའུ་ཐ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་12ཉིན། 10:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚོང་དོན་དམག་འཁྲུག་ལས“རྦད་དེ་ཕན་པ་ཐོབ་མཁན”ཡོང་མི་སྲིད། ཕྱིར་གཏོང་རྒྱལ་ཁབ་ཡིན་ནའང་འདྲ་ཡང་ན་ནང་འདྲེན་རྒྱལ་ཁབ་ཡིན་ནའང་འདྲ། ཐོན་སྐྱེད་བྱེད་མཁན་ཡིན་ནའང་འདྲ་ཡང་ན་འཛད་སྤྱོད་པ་ཡིན་ནའང་འདྲ་གང་ལྟར་ཚང་མར་ཚོང་དོན་དམག་འཁྲུག་ལས་གྱོང་གུན་ཕོག་རྒྱུ་རེད། མཉམ་ལས་ནི་མདུན་ལམ་འབའ་ཞིག་དེ་ཡིན་པས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་འདེགས་སྐྱོར་བྱེད་པའི་སྒྲིག་སྲོལ་ཁག་ལ་ཕྱོགས་ཁག་གིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད།

    ཨ་རི་སྲིད་གཞུང་གིས་ཨ་རིའི་འཛད་སྤྱོད་པའི་ཉོ་ཤུགས་རྒྱན་དུ་བཙུགས་ནས་སྒོ་ཁྲལ་མཐོ་པོ་བརྒྱུད་འཛམ་གླིང་ཡོངས་ལ་འཇིགས་སྣང་སྐུལ་རྩིས་བྱས་ཡོད། ཨ་རིའི་སྒོ་ཁྲལ་སྲིད་ཇུས་ལས་ཨ་རི་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཁྲོམ་རར་རྡབ་རྡེག་ཚབས་ཆེན་བཏང་ཞིང་། ཨ་རིར་ཚོང་ཟོག་ཕྱིར་གཏོང་བྱེད་མཁན་གོ་ལ་ཧྲིལ་པོའི་ཐོན་སྐྱེད་ཚོང་པ་དག་ལ་དེའི་གནོད་འཚེ་ཆེན་པོ་ཕོག་ཡོད་ལ། ཨ་རིའི་འཛད་སྤྱོད་པས་ཚོང་ཁང་གི་དངུལ་ལེན་སའི་མདུན་དུ་རྩིས་རྒྱག་སྐབས་ཀྱང་དངུལ་གཏོང་མི་ཕོད་པར་སེར་སྣ་ཆེ་རུ་འགྲོ་བཞིན་ཡོད། ཕུགས་ལ་བལྟས་ན། སྲུང་སྐྱོབ་རིང་ལུགས་ཀྱི་སྲིད་ཇུས་དེ་ལྟ་བུས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ད་དུང་གནོད་འཚེ་ཆེན་པོ་གང་བཟོ་སྲིད།མཉམ་ལས་ནི་མདུན་ལམ་འབའ་ཞིག་དེ་ཡིན་པས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་འདེགས་སྐྱོར་བྱེད་པའི་སྒྲིག་སྲོལ་ཁག་ལ་ཕྱོགས་ཁག་གིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། ཚོང་དོན་སྒྲིག་སྲོལ་བརྟན་དང་མི་བརྟན་ཕྱོགས་ཁག་གིས་ཁས་ལེན་བྱེད་མིན་དང་རྒྱབ་སྐྱོར་བྱེད་མིན་ལ་རག་ལས་ཡོད། སྒྲིག་སྲོལ་ལ་མཚོན་ན། གདམ་ག་བྱས་ནས་ལག་ལེན་བསྟར་མི་རུང་ཞིང་། མཐུན་ན་བེད་སྤྱོད་དང་མི་མཐུན་ན་དོར་རྒྱུའང་མེད། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་དང་རྒྱབ་འགལ་སོང་བའི་ཨ་རིའི་བྱེད་སྤྱོད་ལས་རྒྱལ་སྤྱིའི་ཚོང་དོན་མ་ལག་ཧྲིལ་པོར་རྡབ་རྡེག་ཐེབས་སྲིད། དུས་བབ་དེ་འདྲའི་འོག་ཡོ་རོབ་མནའ་འབྲེལ་དང་། རི་པིན། ཧན་གོ དེ་བཞིན་ཀྲུང་གོ་སོགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས་མིག་སྔའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས།

    ས་ཁོངས་ཀྱི་མཁོ་སྤྲོད་འཁོར་འབྲེལ་བསྡུ་སྒྲིལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་མིག་སྔའི་སྒོ་ཁྲལ་གྱི་ཉམས་ཉེན་སེལ་བའི་ཐབས་བཟང་ཞིག་རེད། མཁོ་སྤྲོད་འཁོར་འབྲེལ་དེ་དག་ཁྲོད་ཀྱི་ཐོན་རྫས་མང་པོ་ཞིག་ས་ཁོངས་ནང་དུ་རང་མཁོ་རང་སྤྱོད་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨེ་ཤེ་ཡའི་དཔལ་འབྱོར་དངོས་ཚན་གཞན་དག་ས་ཁུལ་གྱི་ཚོང་ཟོག་ཐོན་སྐྱེད་ཀྱི་འཛད་སྤྱོད་བྱེད་པོ་གཙོ་བོར་སྔར་བས་གྱུར་པ་དང་ཆབས་ཅིག རྒྱལ་སྤྱིའི་ཚོང་དོན་གྲུབ་ཆ་དེ་བས་དོ་སྙོམས་སུ་འགྱུར་རྒྱུ་རེད་ལ། ཨེ་ཤེ་ཡའི་དཔལ་འབྱོར་དར་རྒྱས་ཡོང་བའི་འདུན་པའང་དེ་བས་མངོན་འགྱུར་གང་ལེགས་ཐུབ་རྒྱུ་རེད།(རྩོམ་པ་པོ་ནི་ཨ་རིའི་ཀྲུང་གོ་དང་ཨ་རིའི་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཡིན་པ)