འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།ས་ཆ་འདི་དག་ལ་ས་གཤིས་ཀྱི་གནོད་འཚེ་འབྱུང་སྲིད།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་11ཉིན། 16:09】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོའི་གནམ་གཤིས་ཅུས་ཀྱིས་ཟླ་6ཚེས་10ཉིན་གྱི་ཆུ་ཚོད་18ཐོག ས་གཤིས་ཀྱི་གནོད་འཚེར་ཉེན་ཟོན་དགོས་པའི་ཉེན་བརྡ་མཉམ་འབྲེལ་ཐོག་བཏང་གསལ་དུ།

སྔོན་དཔག་བྱས་པར་གཞིགས་ན། ཟླ་6ཚེས་10ཉིན་གྱི་ཆུ་ཚོད་20ནས་ཚེས་11ཉིན་གྱི་ཆུ་ཚོད་20བར། ཀྲེ་ཅང་གི་ནུབ་རྒྱུད་དང་ཨན་ཧུའེ་ཡི་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ས་གཤིས་ཀྱི་གནོད་འཚེ་འབྱུང་ཉེན་ཅུང་ཙམ་ཡོད།(སྔོན་བརྡ་སེར་པོ་བཏང་།) སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་བསྟུན་སྔོན་ཇུས་གཞིར་བཟུང་། ས་གཤིས་ཀྱི་གནོད་འཚེ་འགོག་སྲུང་ལས་དོན་ཡག་པོར་སྒྲུབ་དགོས།

སྤྱི་ཚོགས་ཀྱི་སྤྱི་དམངས་ཚོས་ས་གཤིས་ཀྱི་གནོད་འཚེ་འབྱུང་ཉེན་གྱི་སྔོན་བརྡའི་ཆ་འཕྲིན་ལ་དུས་ཐོག་ཏུ་དོ་ཁུར་བྱས་ཏེ། ས་གཤིས་ཀྱི་གནོད་འཚེའི་སྔོན་བརྡ་བཏང་ཁུལ་དུ་བསྐྱོད་རིགས་ལ་གཟབ་དགོས། སྔོན་བརྡ་སེར་པོ་བཏང་ཁུལ་གྱི་མི་སྣས་སྔོན་བརྡ་བཏང་བའི་ཆ་འཕྲིན་གྱི་འགྱུར་ལྡོག་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པ་དང་། ཉེ་འགྲམ་གྱི་ཉེན་བརྡའི་མཚོན་རྟགས་ལ་དོ་སྣང་བྱས་ཏེ་གྲོག་རོང་དང་། ཐུར་གསེག གཡང་གཟར་སོགས་ཉེན་ཁ་ཆེ་ཁུལ་དུ་སྡོད་མི་རུང་།