འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།མེ་མདའི་དོན་རྐྱེན་ཁྲོད་མི་10རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་11ཉིན། 16:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་10ཉིན། ཨོ་སི་ཁྲུ་རི་ཡའི་ཀེ་ལ་ཚི་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ཏུ་ཉིན་དེ་གའི་སྔ་དྲོར་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས། མེ་མདའ་རྒྱག་མཁན་ཚུད་པའི་ཉུང་མཐར་ཡང་མི་10རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་འགའ་ཞིག་ལ་རྨས་ཕོག་ཡོད་པ་རེད།

མིག་སྔར། ཉེན་རྟོག་པས་སློབ་གྲྭ་བཀག་སྡོམ་བྱས་ཡོད། ཨོ་སི་ཁྲུ་རི་ཡའི་《འཕྲིན་སྐྱེལ་ཚགས་པར》གྱིས་ཉེན་རྟོག་ཕྱོགས་ཀྱི་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། ལག་དམར་ནི་སློབ་མ་ཞིག་ཡིན་པ་དང་། ཉེས་གསོག་བྱས་རྗེས་རང་སྲོག་བཅད་པའི་དོགས་པ་ཡོད། ཁོ་སློབ་ཁང་གཉིས་སུ་འཛུལ་ནས་མེ་མདའ་བརྒྱབ། ཉེན་རྟོག་ཕྱོགས་ཀྱི་ཐོག་མའི་ཆ་འཕྲིན་ལྟར་ན། ཉེས་གསོག་དོགས་ཅན་གཅིག་པུས་ཉེས་གསོག་བྱས་པ་ཡིན་སྲིད། ཉེན་རྟོག་ཕྱོགས་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་བཞིན་ཡོད།