འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་12ཉིན།

༄༅།།རྒྱལ་ཁབ་5ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་11ཉིན། 16:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་10ཉིན་དབྱིན་ཇི་དང་། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན། ནོར་ཝེ་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས། དབྱི་སི་རལ་གྱི་གཡས་ཕྱོགས་ཀྱི་པུའུ་ཀྲང་གཉིས་སྟེ། དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་པུའི་པུའུ་ཀྲང་པིན་-ཀེ་ཝེར་དང་དབྱི་སི་རལ་གྱི་ནོར་སྲིད་པུའི་པུའུ་ཀྲང་སི་མོ་ཐེ་ལི་ཧེར་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། རྒྱུ་མཚན་ནི་ཁོ་ཚོས་ཕ་ལེ་སི་ཐན་བར་དམིགས་པའི་དྲག་ཤུགས་ཀྱི་བྱ་སྤྱོད་ཐེངས་མང་ངན་སྐུལ་བྱས་པས་རེད། བཀག་སྡོམ་བྱེད་ཐབས་ནང་དེའི་རྒྱུ་ནོར་བཀག་སྡོམ་དང་རྒྱལ་ནང་དུ་འཛུལ་མི་ཆོག་པ་ཚུད་ཡོད།

དེའི་ཐད་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་སའར་གྱིས་བཀག་སྡོམ་དེ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད། དབྱི་སི་རལ་སྲིད་གཞུང་གིས་དམིགས་བསལ་ཚོགས་འདུ་འཚོགས་ནས་ཇི་ལྟར་བྱས་ནས་ཁ་གཏད་གཅོག་རྒྱུའི་སྐོར་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཉིན་དེར་ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་ཀྱང་རྒྱལ་ཁབ་ལྔའི་སྲིད་གཞུང་གིས་དབྱི་སི་རལ་གྱི་པུའུ་ཀྲང་གཉིས་ལ་བཀག་སྡོམ་བྱས་པར་རྒོལ་གཏམ་བཏང་བ་རེད། ལུའུ་པི་ཨའོ་ཡིས་དབྱི་སི་རལ་ལ་བཀག་སྡོམ་བྱས་པ་དེས་ཨ་རིས་གཙོ་ཁྲིད་བྱེད་པའི་དམག་འཁྲུག་མཚམས་འཇོག་རྒྱུ་དང་། མི་གཏའ་ཚང་མ་རྒྱལ་ནང་དུ་ལོག་པ། དམག་འཁྲུག་མཇུག་སྒྲིལ་རྒྱུ་བཅས་ཀྱི་འབད་བརྩོན་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་མེད་པ་དང་། ཨ་རིས་བཀག་སྡོམ་མེད་པར་བཟོ་རྒྱུའི་སྐུལ་མ་གཏོང་གི་ཡོད་ཅེས་བཤད་པ་རེད།