གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་11ཉིན། 14:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་2025ལོའི་རྒྱལ་ཡོངས་ཀྱི་མདོག་ཅན་ལྕགས་རིགས་ཀྱི“ཐཱན་གཉིས”ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། རང་རྒྱལ་གྱིས་ཐོན་རྫས་ཁག་9ཡི་ཐཱན་འབུད་ཀྱི་རྒྱལ་ཁབ་ཚད་གཞི་ཁྱབ་བསྒྲགས་བྱས་པའི་ནང་འབྲོག་ཟོག་དང་། གློག་འབྱེད་ཧ་ཡང་། རྫས་འགྱུར་ཚི་སྣ། འགྱིག་རྫས་སོགས་ཡོད་པ་རེད།
དེའི་ཁྲོད《དྲོད་ཁང་རླངས་གཟུགས་ཐོན་རྫས་ཀྱི་ཐཱན་འབུད་ཀྱི་ཚད་འབེབས་བྱ་ཐབས་བླང་བྱ་དང་གློག་འབྱེད་ཧ་ཡང》ནི་བཟོ་ལས་ཁྱབ་ཁོངས་ཐོན་རྫས་ཐད་ཀྱི་ཐཱན་འབུད་ཀྱི་རྒྱལ་ཁབ་ཚད་གཞི་དང་པོ་དེ་ཡིན་ཞིང་། ཞིབ་རྩིས་ཀྱི་ཚད་གཞི་དང་། ཞིབ་རྩིས་དབྱེ་འབྱེད། ཁྱབ་བསྒྲགས་རྣམ་པ། གྲངས་གཞིའི་སྤུས་ཚད་བླང་བྱ་དང་ཁུངས་འདེད་རང་བཞིན་གྱི་བླང་བྱ་སོགས་ཁ་གསལ་བཏོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་བསྐྱར་སྤྱོད་ཧ་ཡང་ཐོན་ཚད་ཏུན་ཁྲི་1000ཟིན་ནས་དེའི་ཐོན་སྐྱེད་ནུས་རྒྱུ་ཟད་གྲོན་ཁྲོད་ཧ་ཡང་གློག་འབྱེད་5%ཟིན་ཡོད། བསྐྱར་སྤྱོད་ཧ་ཡང་ཏུན་རེས་གློག་འབྱེད་ཧ་ཡང་གི་ཚབ་བྱས་ན་དབྱང་གཉིས་ཐཱན་འགྱུར་ཏུན་10འབུད་ཚད་ཉུང་དུ་གཏོང་ཐུབ་ཀྱི་ཡོད། ད་ལོ་གློག་འབྱེད་ཧ་ཡང་ལས་རིགས་འབུད་ཚད་ཚོད་འཛིན་ལས་རིགས་གཙོ་གནད་ཁག་དང་པོའི་མིང་ཐོག་ནས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རར་བཅུག་པ་དང་གློག་འབྱེད་ཧ་ཡང་ཁེ་ལས་98དང་ཐོན་ནུས་ཀྱི་གཞི་ཁྱོན་ཏུན་ཁྲི་4500ཙམ་ལ་ཁྱབ་སྟེ་གོ་ལ་ཧྲིལ་པོའི་གློག་འབྱེད་ཧ་ཡང་གི་སྤྱིའི་ཐོན་ནུས་ཁྲོད་60%ཡན་བཟུང་ཡོད།